ཨ་རིའི་རླུང་འཕྲིན་ཁང་། artwork

ཨ་རིའི་རླུང་འཕྲིན་ཁང་།

3,893 episodes - Tibetan - Latest episode: about 9 hours ago -

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

News
Homepage Apple Podcasts Google Podcasts Overcast Castro Pocket Casts RSS feed

Episodes

ཁྲམ་གྱིས་འདོད་པའི་སྒྱུ་རྩལ་བ་ཞིག་ལ་དངུལ་སྤྲོད་ཐབས་དེ་ཡིས་ཁོང་ལ་ནག་ཉེས་ཁྲིམས་བཤེར་ཐོག་མ་དེ་བྱ་རྒྱུ་ཆགས་པ། - སྤྱི་ཟླ་བཞི་པ། ༡༥, ༢༠༢༤

April 14, 2024 22:04 - 4 minutes - 3.83 MB

༄༅། །ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཁྲམ་གྱིས་དེ་སྔ་འཆལ་སྤྱོད་ཀྱི་སྒྱུ་རྩལ་བ་ཞིག་གི་ཁ་བཀག་སྟེ་ཁ་ཁུ་སིམ་མེར་གནས་ཐབས་བྱས་པ་དེ་བཞིན་ཁོང་ལ་ནག་ཉེས་ཀྱི་ཉེས་འཛུགས་ཐོག་ཁྲིམས་བཤེར་ཐོག་མ་དེ་བྱ་རྒྱུ་ཆགས་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

སྲིད་བློན་མོ་ཏི་མཆོག་བསྐྱར་དུ་རྒྱལ་ཁ་ཐོབ་ཚེ་ལས་ཀའི་གོ་སྐབས་སྐྲུན་རྒྱུའི་ཁས་ལེན། - སྤྱི་ཟླ་བཞི་པ། ༡༥, ༢༠༢༤

April 14, 2024 21:54 - 4 minutes - 4.06 MB

༄༅། །རྒྱ་གར་གྱི་སྲིད་བློན་མོ་ཏི་ཡི་གཞུང་འཛིན་ཚོགས་པར་བསྐྱར་དུ་རྒྱལ་ཁ་ཐོབ་ཚེ་རྒྱ་གར་ནང་འཛུགས་སྐྲུན་རྒྱ་སྐྱེད་ཐོག་གཞོན་སྐྱེས་ཚོར་ལས་ཀའི་གོ་སྐབས་སྐྲུན་རྒྱུ་ཡིན་ཞེས་གསུང་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།

ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱ་ནག་ནས་གློག་གི་མོ་ཏྲ་ནང་འདྲེན་བཀག་སྡོམ་བྱ་དགོས་ཞེས་འབོད་སྐུལ་གནང་འདུག - སྤྱི་ཟླ་བཞི་པ། ༡༥, ༢༠༢༤

April 14, 2024 21:49 - 2 minutes - 2.56 MB

ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ཤེར་རོ་ཌི་བྷ་རོན་ལགས་ཀྱིས་སྲིད་འཛིན་བྷ་ཌན་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ནས་རྒྱ་ནག་ནས་གློག་གི་མོ་ཏྲ་ནང་འདྲེན་རྦད་དེ་བཀག་སྡོམ་བྱ་དགོས་པའི་རེ་འབོད་གནང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།

ཇར་མི་ཎིའི་སྲིད་བློན་རྒྱ་ནག་ཏུ་ཉིན་གྲངས་གསུམ་གྱི་གཞུང་འབྲེལ་གཟིགས་སྐོར། - སྤྱི་ཟླ་བཞི་པ། ༡༥, ༢༠༢༤

April 14, 2024 21:44 - 3 minutes - 3.36 MB

ཇར་མི་ཎིའི་སྲིད་བློན་ཨཽ་ལྥྭ་ཤོལ་ཛི་ཡིས་རྒྱ་ནག་དང་ཚོང་འབྲེལ་འབྲེལ་ལམ་ཇེ་བཟང་དུ་གཏོང་ཐབས་སུ་དམིགས་ཏེ་རྒྱ་ནག་གི་ཉིན་གྲངས་གསུམ་གྱི་གཞུང་འབྲེལ་གཟིགས་སྐོར་ཞིག་འགོ་འཛུགས་གནང་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་སྙན་སྒྲོན་ཞུ་ཡི་རེད།

གྷ་ཛའི་དམག་འཐབ་ཀྱི་རྐྱེན་པས་ནུབ་ཆུ་ཁའི་ནང་དུའང་རྙོག་ཟིང་ཆེ་རུ་འགྲོ་བཞིན་པ། - སྤྱི་ཟླ་བཞི་པ། ༡༥, ༢༠༢༤

April 14, 2024 21:38 - 4 minutes - 4.45 MB

༄༅། །གྷ་ཛའི་ནང་ཨེ་སི་རལ་དང་ཧ་མ་སི་དབར་དམག་འཐབ་བྱེད་འགོ་ཚུགས་པ་ནས་བཟུང་ནུབ་ཆུ་ཁའི་ནང་དུ་གཞི་སྤོས་བྱེད་མཁན་ཨེ་སི་རལ་བ་རྣམས་ཀྱིས་ད་ཆ་པ་ལི་སི་ཐན་བ་ཚོར་ཧ་ཅང་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཨི་རན་གྱིས་ཨི་སི་རལ་ལ་ཡ་ལེན་སློག་རྒྱུ་མེད་པའི་ཉེན་བརྡ་བཏང་བ། - སྤྱི་ཟླ་བཞི་པ། ༡༥, ༢༠༢༤

April 14, 2024 21:31 - 5 minutes - 5.39 MB

༄༅། །ཨི་རན་གྱིས་ཨི་སི་རལ་ལ་ཨི་རན་ཐོག་ཡ་ལན་སློག་རྒྱུ་མེད་པའི་ཉེན་བརྡ་བཏང་བ་དང་། །འཛམ་གླིང་གི་སྟོབས་ཤུགས་ཚོས་གནས་སྟངས་ལ་ཚོད་འཛིན་དགོས་པའི་ནན་སྐུལ་ཞུས་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ལ་དྭགས་མི་མང་གི་ངོ་རྒོལ་ལས་འགུལ་དང་རེ་འདུན་གླེང་བ། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 15:58 - 13 minutes - 12.4 MB

ལ་དྭགས་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་བསོད་ནསམ་དབང་ཕྱུག་ལགས་ཀྱིས་སྣེ་ཁྲིད་འོག་ཡུལ་མི་མང་ཚོགས་ནས་གཞུང་ལ་ལ་དྭགས་ཀྱི་མངའ་ཁུལ་ལ་མངའ་སྡེའི་ཐོབ་ཐང་མཁོ་སྤྲོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཏེ། ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་གནང་གི་རེད།

རྒྱ་གར་བྱང་ཕྱོགས་ཀྱི་མཚོ་གྲགས་ཅན་DAL LAKE ལ་ཉམས་རྒུད་ཚབས་ཆེ་བྱུང་བ། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 15:17 - 12 minutes - 12 MB

འཛམ་གླིང་ནང་གྲགས་ཆེ་བའི་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཀཱ་ཤི་མིར་ནང་ཡོད་ མཛེས་སྡུག་ལྡན་པའི་མཚོ་Dal Lake ཅེས་པ་དེའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པའི་སྐོར་ཀཱ་ཤི་མིར་གྲོང་ཁྱེར་ནང་གནས་སྡོད་བོད་པ་ཁ་ཆེ་བ་སྐུ་ཞབས་མཱ་སོ་ཌི་བྷ་ཊི་Massood Butt ལགས་སུ་གླེང་མོལ་ཞུས་པ་འདིར་གསལ།

གཟའ་འཇུག་སློབ་གྲྭའི་དགེ་རྒན་ཚོར་བཟང་སྤྱོད་ཀྱི་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 14:49 - 6 minutes - 6.11 MB

ཨ་མི་རི་ཀའི་ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པ་NWTCAདང་། པོཊ་ལེནྜ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གསུམ་ཐུན་མོང་གིས་ཨ་རིའི་ནུབ་ཕྱོགས་ས་ཁུལ་གྱི་གཟའ་མཇུག་སློབ་གྲྭའི་དགེ་རྒན་དང་ལས་བྱེད་དང་ཕ་མ་རྣམས་ཀྱི་ཆེད་དུ་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད་པའི་སྐོར་འདིར་གསལ།

ཨོ་སི་ཁྲི་ལི་ཡས་པ་ལི་སི་ཐན་རྒྱལ་ཁབ་ངོས་ལེན་བྱ་རྒྱུའི་བསམ་ཞིབ་བྱེད་བཞིན་པ། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 14:27 - 3 minutes - 3.55 MB

བདུན་ཕྲན་འདིར་ཨོ་སི་ཁྲི་ལི་ཡའི་ཕྱི་སྲིད་བློན་ཆེན་ཕེན་ཎི་ཝང་ལགས་ཀྱིས་ཨོ་སི་ཁྲི་ལི་ཡས་པ་ལི་སི་ཐན་རྒྱལ་ཁབ་ངོས་ལེན་བྱ་རྒྱུའི་བསམ་ཞིབ་བྱེད་བཞིན་པའི་སྐོར་གྱི་བཀའ་མོལ་གནང་སྟེ་རྩོད་གླེང་བྱུང་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 14:00 - 1 hour - 56.3 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ལམ་སློབ་གསོའི་ལས་འགུལ། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 02:52 - 3 minutes - 3.34 MB

རྒྱ་ནག་དམར་ཤོག་ཚོཊ་པས་ཚོཊ་པ་ཡོངས་ཀྱི་ཁྱབ་ཁོངས་ནང་། དམར་ཤོག་ཚོཊ་པའི་སྒྲིག་ལམ་སློབ་གསོའི་ལས་འགུལ་སྤེལ་ནས། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ལམ་གྱི་ཆད་པ་གཅོད་པའི་ཁྲིམས་སྲོལ་ཤེས་རྟོགས་བྱ་རྒྱུ་གཏིང་ཟབ་ཏུ་བཏང་ནས་སེམས་ལ་བརྟན་པོར་ངེས་པ་བྱ་རྒྱུའི་རེ་བ་བཏོན་ཡོད་པའི་སྐོར་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

རྒྱ་ནག་དམར་ཤོག་གི་དབུས་ཆབ་སྲིད་རྒྱུན་ལས་ཀྲའོ་ལེ་ཅཱི་བྱང་ཀོ་རི་ཡར་འཚམས་འདྲི། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 02:41 - 3 minutes - 3.69 MB

རྒྱ་ནག་གིས་བྱང་ཀོ་རི་ཡ་ལ་མཉམ་འབྲེལ་དང་ཡིད་ཆེས་བློ་གཏད་ཇེ་ཟབ་ཏུ་གཏང་འདོད་ཡོད་པ་དང་། གཉིས་པོའི་འབྲེལ་ལམ་བརྟན་པོ་དང་ཟབ་པོ་གནས་རྒྱུ་བཤད་དེ། རྒྱ་ནག་དམར་ཤོག་གི་དབུས་ཆབ་སྲིད་རྒྱུན་ལས་ཀྲའོ་ལེ་ཅཱི་བྱང་ཀོ་རི་ཡར་ཉིན་གསུམ་རིང་གི་འཚམས་འདྲི་མཇུག་སྒྲིལ་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུར་ཨུ་རུ་སུས་ཐེ་གཏོགས་བྱེད་བཞིན་པའི་དོགས་གཞིར་ཞིབ་མཇུག་བྱེད་འགོ་ཚུགས་པ། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 02:26 - 4 minutes - 4.5 MB

ཡུ་རོབ་གྲོས་ཚོགས་ཀྱི་འོས་བསྡུར་ཨུ་རུ་སུས་ཐེ་གཏོགས་བྱེད་ཐབས་བྱེད་བཞིན་པའི་ཐད་ལ་ཞིབ་མཇུག་བྱ་རྒྱུ་ཡིན་པ་ཡུ་རོབ་རྒྱལ་ཁབ་བྷལ་ཇམ་གྱི་སྲིད་བློན་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་ཡིན་པ་སྐུ་ཞབས་ཨ་ལེ་ཁེ་ཟན་ཌར་ཌེ་རོ་Alexander De Croo ཡིས་གསལ་བསྒྲགས་སྤེལ་པའི་སྐོར་རིག་འཛིན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

ཨི་རན་གྱིས་ཨི་སི་རེལ་དང་འབྲེལ་བ་ཡོད་པའི་གྲུ་གཟིངས་ཤིག་བཀག་སྐྱིལ་བྱས་འདུག - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 02:10 - 2 minutes - 2.33 MB

རེས་གཟའ་སྤེན་པའི་ཉིན། ཨི་རན་དམག་གིས་ཧོར་མུ་ཟི་མཚོ་འགག་ཏུ་ཨི་ཟི་རེལ་དང་འབྲེལ་བ་ཡོད་པའི་དོས་སྐྱེལ་གྲུ་གཟིངས་ཤིག་བཀག་སྐྱིལ་བྱས་ཡོད་པ་དང་། གཞན་ཨི་རན་གྱིས་ཨི་སི་རེལ་ཕྱོགས་སུ་མི་མེད་གནམ་གྲུ་བརྒྱ་ལྷག་ཙམ་གཏོང་འགོ་ཚུགས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

ཡུག་ཀེ་རན་ཤར་ཕྱོགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 02:02 - 4 minutes - 4.06 MB

ཨུ་རུ་སུས་ཡུག་ཀེ་རན་ཤར་ཕྱོགས་ཀྱི་བཟོ་ལས་གྲོང་ཁྱེར་ཨ་ཝུ་དྷི་ཝུ་ཁཱའིAvdiivka ཉེ་འཁྲིས་ཀྱི་གྲོང་གསེབ་ཞིག་བཙན་བཟུང་བྱས་ཡོད་པ་སོཌ་ཀྱི་རྐྱེན་གྱིས་ཡུལ་དེའི་ཤར་ཕྱོགས་ཀྱི་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

མངའ་རིས་རུ་ཐོག་ཏུ་ས་ཡོམ་འགུལ་ཚད་༥.༢ ཅན་ཞིག་བྱུང་འདུག - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 01:50 - 2 minutes - 2.36 MB

རྒྱ་གཞུང་གིས་ཆ་བགོས་བྱས་པའི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་ས་འགུལ་འགུལ་ཚད་༥.༢ ཅན་ཞིག་བྱུང་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱི་སྙན་སྒྲོན་ཞུས་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༤, ༢༠༢༤

April 14, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྲིད་བློན་མོ་དྷིས་འོས་བསྡུ་དྲིལ་བསྒྲགས་སྐབས་སུ་ཕྱི་འབྲེལ་ལ་གྲུབ་འབྲས་སོན་ཡོད་ལུགས་གསུངས་པ། - སྤྱི་ཟླ་བཞི་པ། ༡༣, ༢༠༢༤

April 13, 2024 14:53 - 3 minutes - 3.27 MB

རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དྷི་མཆོག་གིས་འོས་བསྡུའི་ཆེད་དུ་དྲིལ་བསྒྲགས་ལས་འགུལ་སྤེལ་སྐབས། ཕྱི་སྲིད་དང་ཕྱི་འབྲེལ་ལས་དོན་ཐོག་གྲུབ་འབྲས་བཟང་པོ་ཐོན་ཐུབ་པ་གནང་ཡོད་ལུགས་གསུངས་ཀྱི་ཡོད་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

བོད་ནང་རྒྱ་གཞུང་གིས་གནམ་ཐང་རྒྱ་བསྐྱེད་ཀྱིས་མང་ཚོཊ་ཀྱི་ས་ཆ་གཞུང་བཞེས་བཏང་བ། - སྤྱི་ཟླ་བཞི་པ། ༡༣, ༢༠༢༤

April 13, 2024 14:35 - 2 minutes - 2.63 MB

བོད་ནང་གི་ཆུ་རྔ་སྡེ་བའི་ས་ཐོག་ཏུ་ལས་བཞིན་པའི་མཚོ་སྔོན་པོ་གནམ་ཐང་ཞེས་བའི་གནམ་གྲུ་འབབ་སའི་ལམ་རྒྱ་བསྐྱེད་ཀྱིས་མཐའ་འཁོར་མང་ཚོགས་ཀྱི་ས་ཆ་མུའུ་སྟོང་གཅིག་ལས་བརྒལ་བའི་གུན་གསབ་དངུལ་ཅུང་ཙམ་རེ་སྤྲད་དེ་གཞུང་བཞེས་བཏང་ཡོད་པའི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༣, ༢༠༢༤

April 13, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

གཡུང་དྲུང་བོན་གྱི་སྨན་རིའི་སྒྲུབ་ཆེན་གྱི་ཆོས་འབྱུང་ལོ་རྒྱུས་དང་དེའི་ཕན་ཡོན། - སྤྱི་ཟླ་བཞི་པ། ༡༣, ༢༠༢༤

April 13, 2024 13:39 - 18 minutes - 17.6 MB

ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་༧རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་ལྷན་དུ་གཡུང་དྲུང་བོན་གྱི་སྨན་རིའི་སྒྲུབ་ཆེན་གྱི་ཆོས་འབྱུང་ལོ་རྒྱུས་དང་དེའི་ཕན་ཡོན་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་པ་ཞིག་གསན་རོགས།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༣, ༢༠༢༤

April 13, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༢, ༢༠༢༤

April 12, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྨན་རིའི་སྒྲུབ་ཆེན་དབུ་འཛུགས། - སྤྱི་ཟླ་བཞི་པ། ༡༢, ༢༠༢༤

April 12, 2024 02:07 - 6 minutes - 6.31 MB

རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སི་མོར་རྫོང་དུ་རྟེན་གཞི་བྱས་པའི་གཡུང་དྲུང་བོན་གྱི་བྱེས་གདན་ས་ཆེན་པོ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ། ངོ་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་སྨན་རིའི་སྒྲུབ་ཆེན་དབུ་འཛུགས་གནང་བའི་སྐོར་བསྟན་འཛིན་ནོར་བཟང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཨི་སི་རལ་གྱིས་ཨི་རན་གྱི་དྲག་རྒོལ་ལ་ལན་འདེབས་གྲ་སྒྲིག་ཡིན་ཟེར། - སྤྱི་ཟླ་བཞི་པ། ༡༢, ༢༠༢༤

April 12, 2024 01:56 - 1 minute - 1.55 MB

ཟླ་བ་འདིའི་ནང་སི་རི་ཡའི་གཏོར་རྒོལ་ཞིག་གི་ནང་ཨི་རན་གྱི་དྲག་པོའི་དམག་སྤྱི་གཉིས་ལ་སྲོག་སྐྱོན་བྱུང་པ་དེར་ཨི་རན་གྱིས་ཡ་ལན་གྱི་ཉེན་བརྡ་བཏང་ཡོད་པ་དང་།ཨི་རན་གྱིས་རྒོལ་ལན་བྱས་ན་དེར་ཨི་སི་རལ་གྱིས་ལན་འདེབས་གདོང་ལེན་བྱ་རྒྱུར་གྲ་སྒྲིག་ཡོད་ཅེས་བཤད་པའི་སྐོར་ལ་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཡུཀ་རེན་གྱིས་གླེང་རྙོག་ཅན་གྱི་དམག་སྐུལ་ཁྲིམས་ལུགས་གཏན་འབེབ་བྱས། - སྤྱི་ཟླ་བཞི་པ། ༡༢, ༢༠༢༤

April 12, 2024 01:45 - 3 minutes - 3.55 MB

ཟླ་བ་མང་པོའི་རིང་ལབ་གླེང་བྱུང་སྟེ་ཐེ་ཚོམ་བྱས་པའི་རྗེས་ཡུཀ་རེན་གྱི་ཁྲིམས་བཟོ་བ་ཚོས་ལོ་མང་ཞབས་ཞུ་བྱེད་མཁན་དམག་མི་ཚོར་དམག་ས་ནས་དགོངས་པ་གཏོང་རྒྱུ་མིན་པའི་ཁྲིམས་ལ་མོས་མཐུན་བྱས་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༢, ༢༠༢༤

April 12, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

རྒྱ་ནག་གི་བྱ་སྤྱོད་ཀྱིས་ཉི་ཧོང་དང་ཨ་རིའི་འབྲེལ་བ་ཉེ་རུ་བཏང་། - སྤྱི་ཟླ་བཞི་པ། ༡༢, ༢༠༢༤

April 11, 2024 20:32 - 13 minutes - 13 MB

དེང་སྐབས་ཉི་ཧོང་གི་སྲིད་བློན་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་བདེ་འཇགས་དང་ཚོང་ལས་སོགས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏང་རྒྱུའི་གྲོས་མཐུན་བཞག་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

བྱེད་ལ་ཉེ་བའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་སྐོར། - སྤྱི་ཟླ་བཞི་པ། ༡༢, ༢༠༢༤

April 11, 2024 17:46 - 25 minutes - 24.3 MB

༄༅། རིང་མིན་ཟླ་བ་འདིའི་ནང་བྱེད་འཆར་ཡོད་པའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་འབྲེལ་བའི་རྒྱ་གར་གྱི་མང་གཙོའི་འགྲོ་སྟངས་དང་འོས་བསྡུའི་ལས་དོན་སྤེལ་ཕྱོགས་བཅས་ཀྱི་ཐད་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་འཇམ་དབྱངས་རྡོ་རྗེ་ལགས་ཀྱི་ལྷན་དུ་གླེང་མོལ་ཞུས་པ་ཞིག་གསན་གྱི་རེད

ཨ་རིའི་མི་ནེ་སོ་ཊའི་ནང་བོད་ཕྲུག་ཆེད་སློབ་གྲྭ་གསར་བཙུགས་ཆོག་པའི་བཀའ་འཁྲོལ། - སྤྱི་ཟླ་བཞི་པ། ༡༡, ༢༠༢༤

April 11, 2024 14:44 - 5 minutes - 4.84 MB

NEO སློབ་གསོའི་གོ་སྐབས་གསར་གཏོད་ཚོགས་པའི་འགན་འཛིན་ལྷན་ཚོགས་ནས་ཨ་རིའི་མི་ནེ་སོཊ་ནང་བོད་ཕྲུག་ཆེད་དུ་ཅ་ཊྲར་སློབ་གྲྭ་གསར་བཙུགས་བྱ་ཆོག་པའི་བཀའ་འཁྲོལ་བྱུང་ཡོད་པ་སོགས་ཀྱི་སྐོར་བསྟན་འཛིན་དབང་འདུས་ལགས་ཀྱིས་བཞུགས་སྒར་ནས་བཏང་གནང་བའི་གནས་ཚུལ་དེ་སྙན་སྒྲོན་གནང་གི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༡, ༢༠༢༤

April 11, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༡, ༢༠༢༤

April 11, 2024 00:00 - 1 hour - 56.3 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཞི་ཅིན་ཕིང་གིས་མཚོ་སྒག་གཉིས་ཁ་བྲལ་ཐབས་མེད་ལུགས་བཤད་པ། - སྤྱི་ཟླ་བཞི་པ། ༡༡, ༢༠༢༤

April 10, 2024 23:07 - 4 minutes - 3.91 MB

རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མཱ་དབྱེན་ཇཱོ་དང་ཐུག་འཕྲད་སྐབས་སུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སུས་ཀྱང་གནོད་འཚེ་མི་ཐུབ་སོགས་བཤད་ཡོད་ཀྱང་ཐེ་ཝན་མི་མང་ནང་བསམ་ཚུལ་དེར་འདོད་པ་ཡོད་མཁན་ཇེ་ཉུང་དུ་སོང་ཟིན་པའི་སྐོར་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

རྒྱ་གར་གྱི་མངའ་སྡེ་ཆེ་ཤོས་ནང་སྲིད་བློན་མོ་དྷི་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ། - སྤྱི་ཟླ་བཞི་པ། ༡༡, ༢༠༢༤

April 10, 2024 22:13 - 3 minutes - 3.08 MB

ཕྱི་ཟླ་༤ཚེས་༡༩ནས་བཟུང་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་ཆེན་མོ་བྱ་རྒྱུ་ཡིན་པ་དེའི་ནང་རྒྱ་གར་མི་འབོར་ཆེ་ཤོས་ཡོད་པའི་མངའ་སྡེ་ཨུ་ཊར་པར་དེ་ཤི་གནད་འགག་ཆགས་ཀྱི་ཡོད་པ་དེའི་ནང་སྲིད་བློན་མོ་དྷི་ཡི་ཆབ་སྲིད་ཚོགས་པར་རྒྱབ་སྐྱོར་ཆེན་པོ་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

སྲིད་འཛིན་བྷ་ཊན་དང་ཉེ་ཧོང་གི་སྲིད་བློན་གཉིས་མཇལ་མོལ་གནང་བ། - སྤྱི་ཟླ་བཞི་པ། ༡༡, ༢༠༢༤

April 10, 2024 22:08 - 2 minutes - 1.91 MB

ཨ་རིའི་སྲིད་འཛིན་ཇོ་བྷ་ཊན་དང་ཉེ་ཧོང་གི་སྲིད་བློན་ཕུ་མིའོ་ཀི་ཤི་ཌ་གཉིས་ཕོ་བྲང་དཀར་པའི་ནང་ཆེས་མཐོའི་མཇལ་འཛོམས་གནང་རྗེས་སུ་སྲིད་འཛིན་བྷ་ཊན་གྱིས་ཨ་རི་དང་ཉེ་ཧོང་གཉིས་ཀྱི་འབྲེལ་ལམ་དེ་ཁ་བྲལ་ཐབས་མེད་པའི་འབྲེལ་ལ་ཞིག་ཡིན་ཞེས་གསུངས་པའི་སྐོར་རིག་འཛིན་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།

ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཆེད་ལས་འགུལ། - སྤྱི་ཟླ་བཞི་པ། ༡༡, ༢༠༢༤

April 10, 2024 22:03 - 7 minutes - 7.48 MB

༄༅། །སྦེལ་ཇེམ་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཚོགས་པ་ཁག་གིས་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ནང་བོད་དོན་ཐད་རྒྱལ་སྐྱོར་བྱེད་མཁན་མང་དུ་འགྲོ་ཐབས་ལ་ལས་འགུལ་སྤེལ་གྱི་ཡོད་པའི་སྐོོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 10, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 10, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

མོན་རྟ་དབང་ཁུལ་དུ་རྒྱ་ནག་ལ་ངོ་རྒོལ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 23:23 - 4 minutes - 4.39 MB

ཉེ་ལམ་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་ས་ཁོངས་ཁག་ཅིག་ལ་ས་མིང་གསར་པ་བཏགས་ཁུལ་བྱས་ཏེ་ས་ཁུལ་བདག་དབང་ལ་རྩོད་ལེན་བྱེད་བཞིན་པར་མོན་རྟ་དབང་ཁུལ་གྱི་ཡུལ་མིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་བསྟན་འཛིན་དབང་འདུས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

སུད་སི་བེུད་ཀྱི་ཁྲིམས་གཏུག་ལ་རྒྱལ་ཁ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 23:18 - 3 minutes - 3.38 MB

ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་ཁང་ནས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་མང་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་རྒྱུར་རྒྱལ་ཁབ་ནས་འགན་འཁྲི་ལེན་དགོས་པའི་ཐག་གཅོད་ཞིག་གནང་ཡོད་པ་དེ་ནི་སུད་སི་་བེུད་༢༠༠༠ཙམ་གྱི་ཞུ་གཏུག་ལ་རྒྱལ་ཁ་ཞིག་ཡིན་པའི་སྐོར་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།

ཡོ་རོབ་ནས་བོད་ནང་གཉེན་འཕྲད་འགྲོ་མཁན་ཞིག་གནམ་ཐང་ནས་བཀག་ཉར་དང་ཕྱིར་སློག་བྱས་པ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 23:11 - 2 minutes - 2.53 MB

རྒྱ་ནག་གཞུང་གིས་ཡོ་རོབ་རྒྱལ་ཁབ་དྲུག་གིས་ཡུལ་མི་རྣམས་ཉིན་བཅོ་ལྔའི་རིང་མཐོང་ཆེན་མེད་པར་རྒྱ་ནག་ལ་འགྲུལ་ཞུད་བྱེད་ཆོག་རྒྱུའི་གུ་ཡངས་བཟོས་ཡོད་དེ་དག་ཁོངས་སུ་བོད་མི་ཁག་གཅིག་ཡོད་ཀྱང་སྦེལ་འཇམ་མི་སེར་ཡིན་པའི་བོད་མི་གཅིག་གནམ་ཐང་ཕྱིར་ལོག་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

གྷ་ཛའི་མེ་འཕེན་མཚམས་འཇོག་གི་གྲོས་དོན་ལ་ཁས་ལེན་བྱུང་མེད་པ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 17:35 - 3 minutes - 2.95 MB

༄༅།། གྷ་ཛའི་ནང་མེ་འཕེན་མཚམས་འཇོག་བྱེད་པའི་གྲོས་དོན་ཞིག་ཨི་སི་རལ་གྱིས་བཏོན་བསྟོན་ཡོད་པར་ཧ་མི་སིས་ཁས་ལེན་བྱས་མེད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

ལྷོ་ཀོ་རུ་ཡའི་གྲོས་ཚོགས་འཐུས་མི་འོས་འདེམས་བྱ་རྒྱུ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 17:27 - 4 minutes - 3.98 MB

༄༅།། ལྷོ་ཀོ་རུ་ཡའི་གྲོས་ཚོགས་ཀྱི་འཐུས་མི་༣༠༠ ཡོད་པ་རྣམས་གཟའ་འཁོར་འདིའི་ནང་འོས་འདེམས་བྱ་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

རྒྱ་ནག་གཞུང་གིས་བོད་མི་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཆད་བཏང་པ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 17:17 - 3 minutes - 3.67 MB

༄༅།། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཞིག་ལ་གསང་བའི་ངང་མི་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་མ་ཟད་ནང་མིར་རྡུང་རྡེག་གིས་སྨན་ཁང་དུ་བསྐྱལ་ཡོད་པའི་སྐོར་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བལ་ཡུལ་ནས་བཏང་པའི་གནས་ཚུལ་ཞིག་གསན་རོགས་གནང་།

ཨ་རིའི་ནོར་སྲིད་དྲུང་ཆེའི་རྒྱ་ནག་གི་འཚམས་འདྲི། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 16:01 - 19 minutes - 18.7 MB

འདས་པའི་ཉིན་བཞིའི་རིང་ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལཱན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་དཔལ་འབྱོར་དཀའ་རྙོག་ཁག་ལ་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོར་གྲོས་མོལ་གནང་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

ཐའེ་ལན་ཌིའི་སྲིད་བློན་གྱིས་འབར་མའི་དམག་གི་སྲིད་དབང་ཉམས་བཞིན་ཡོད་པར་བརྗོད། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 09, 2024 15:57 - 3 minutes - 3.42 MB

༄༅། །སྤྱི་ཟླ་༤ པའི་ཚེས་༨ ཉིན་ཐའེ་ལན་ཌིའི་སྲིད་བློན་གྱིས་རེ་ཊྲེ་སིའི་གསར་ཁང་ལ། འབར་མའི་དམག་གི་སྲིད་དབང་གི་ནུས་པ་ཉམས་བཞིན་ཡོད་པས། ད་ལྟ་འབར་མ་མཉམ་དུ་གྲོས་མོལ་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རེད་ཅེས་བརྗོད་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 09, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 09, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཉེ་ཧོང་གི་སྲིད་བློན་ཨ་རིར་ཕེབས་པར་ཐུགས་རེ་ཕྱོགས་གཉིས་ཀྱི་རྒྱལ་སྲུང་མཉམ་ལས་གོང་མཐོར་གཏོང་རྒྱུའི་ཆེད་དུ་ཡིན་པ། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 08, 2024 21:07 - 4 minutes - 4.06 MB

ཨ་རི་དང་ཉེ་ཧོང་དབར་རྒྱལ་སྲུང་ཐད་མཉམ་ལས་ཤུགས་ཆེ་གནང་རྒྱུ་སོགས་ཀྱི་ཆེད་དུ་ཉེ་ཧོང་གི་སྲིད་བློན་ཕོ་བྲང་དཀར་པོའི་ནང་རྒྱལ་དོན་འཚམས་དྲིར་ཕེབས་ཡོད་པའི་སྐོར་གྱི་གནས་ཚུལ་དེ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།