ཨ་རིའི་རླུང་འཕྲིན་ཁང་། artwork

ཨ་རིའི་རླུང་འཕྲིན་ཁང་།

3,755 episodes - Tibetan - Latest episode: 14 days ago -

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

News
Homepage Apple Podcasts Google Podcasts Overcast Castro Pocket Casts RSS feed

Episodes

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 10, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

མོན་རྟ་དབང་ཁུལ་དུ་རྒྱ་ནག་ལ་ངོ་རྒོལ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 23:23 - 4 minutes - 4.39 MB

ཉེ་ལམ་རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་ས་ཁོངས་ཁག་ཅིག་ལ་ས་མིང་གསར་པ་བཏགས་ཁུལ་བྱས་ཏེ་ས་ཁུལ་བདག་དབང་ལ་རྩོད་ལེན་བྱེད་བཞིན་པར་མོན་རྟ་དབང་ཁུལ་གྱི་ཡུལ་མིས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་བསྟན་འཛིན་དབང་འདུས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

སུད་སི་བེུད་ཀྱི་ཁྲིམས་གཏུག་ལ་རྒྱལ་ཁ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 23:18 - 3 minutes - 3.38 MB

ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་ཁང་ནས་གནམ་གཤིས་འགྱུར་ལྡོག་གི་རྐྱེན་པས་མང་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་རྒྱུར་རྒྱལ་ཁབ་ནས་འགན་འཁྲི་ལེན་དགོས་པའི་ཐག་གཅོད་ཞིག་གནང་ཡོད་པ་དེ་ནི་སུད་སི་་བེུད་༢༠༠༠ཙམ་གྱི་ཞུ་གཏུག་ལ་རྒྱལ་ཁ་ཞིག་ཡིན་པའི་སྐོར་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།

ཡོ་རོབ་ནས་བོད་ནང་གཉེན་འཕྲད་འགྲོ་མཁན་ཞིག་གནམ་ཐང་ནས་བཀག་ཉར་དང་ཕྱིར་སློག་བྱས་པ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 23:11 - 2 minutes - 2.53 MB

རྒྱ་ནག་གཞུང་གིས་ཡོ་རོབ་རྒྱལ་ཁབ་དྲུག་གིས་ཡུལ་མི་རྣམས་ཉིན་བཅོ་ལྔའི་རིང་མཐོང་ཆེན་མེད་པར་རྒྱ་ནག་ལ་འགྲུལ་ཞུད་བྱེད་ཆོག་རྒྱུའི་གུ་ཡངས་བཟོས་ཡོད་དེ་དག་ཁོངས་སུ་བོད་མི་ཁག་གཅིག་ཡོད་ཀྱང་སྦེལ་འཇམ་མི་སེར་ཡིན་པའི་བོད་མི་གཅིག་གནམ་ཐང་ཕྱིར་ལོག་བྱས་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

གྷ་ཛའི་མེ་འཕེན་མཚམས་འཇོག་གི་གྲོས་དོན་ལ་ཁས་ལེན་བྱུང་མེད་པ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 17:35 - 3 minutes - 2.95 MB

༄༅།། གྷ་ཛའི་ནང་མེ་འཕེན་མཚམས་འཇོག་བྱེད་པའི་གྲོས་དོན་ཞིག་ཨི་སི་རལ་གྱིས་བཏོན་བསྟོན་ཡོད་པར་ཧ་མི་སིས་ཁས་ལེན་བྱས་མེད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

ལྷོ་ཀོ་རུ་ཡའི་གྲོས་ཚོགས་འཐུས་མི་འོས་འདེམས་བྱ་རྒྱུ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 17:27 - 4 minutes - 3.98 MB

༄༅།། ལྷོ་ཀོ་རུ་ཡའི་གྲོས་ཚོགས་ཀྱི་འཐུས་མི་༣༠༠ ཡོད་པ་རྣམས་གཟའ་འཁོར་འདིའི་ནང་འོས་འདེམས་བྱ་རྒྱུ་ཡིན་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

རྒྱ་ནག་གཞུང་གིས་བོད་མི་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཆད་བཏང་པ། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 17:17 - 3 minutes - 3.67 MB

༄༅།། རྒྱ་གཞུང་གིས་བོད་ནང་གི་བོད་མི་ཞིག་ལ་གསང་བའི་ངང་མི་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་མ་ཟད་ནང་མིར་རྡུང་རྡེག་གིས་སྨན་ཁང་དུ་བསྐྱལ་ཡོད་པའི་སྐོར་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བལ་ཡུལ་ནས་བཏང་པའི་གནས་ཚུལ་ཞིག་གསན་རོགས་གནང་།

ཨ་རིའི་ནོར་སྲིད་དྲུང་ཆེའི་རྒྱ་ནག་གི་འཚམས་འདྲི། - སྤྱི་ཟླ་བཞི་པ། ༡༠, ༢༠༢༤

April 09, 2024 16:01 - 19 minutes - 18.7 MB

འདས་པའི་ཉིན་བཞིའི་རིང་ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལཱན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཕྱོགས་གཉིས་ཀྱི་ཚོང་འབྲེལ་དང་དཔལ་འབྱོར་དཀའ་རྙོག་ཁག་ལ་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོར་གྲོས་མོལ་གནང་ཡོད་ཅིང་། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

ཐའེ་ལན་ཌིའི་སྲིད་བློན་གྱིས་འབར་མའི་དམག་གི་སྲིད་དབང་ཉམས་བཞིན་ཡོད་པར་བརྗོད། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 09, 2024 15:57 - 3 minutes - 3.42 MB

༄༅། །སྤྱི་ཟླ་༤ པའི་ཚེས་༨ ཉིན་ཐའེ་ལན་ཌིའི་སྲིད་བློན་གྱིས་རེ་ཊྲེ་སིའི་གསར་ཁང་ལ། འབར་མའི་དམག་གི་སྲིད་དབང་གི་ནུས་པ་ཉམས་བཞིན་ཡོད་པས། ད་ལྟ་འབར་མ་མཉམ་དུ་གྲོས་མོལ་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་རེད་ཅེས་བརྗོད་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 09, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 09, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཉེ་ཧོང་གི་སྲིད་བློན་ཨ་རིར་ཕེབས་པར་ཐུགས་རེ་ཕྱོགས་གཉིས་ཀྱི་རྒྱལ་སྲུང་མཉམ་ལས་གོང་མཐོར་གཏོང་རྒྱུའི་ཆེད་དུ་ཡིན་པ། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 08, 2024 21:07 - 4 minutes - 4.06 MB

ཨ་རི་དང་ཉེ་ཧོང་དབར་རྒྱལ་སྲུང་ཐད་མཉམ་ལས་ཤུགས་ཆེ་གནང་རྒྱུ་སོགས་ཀྱི་ཆེད་དུ་ཉེ་ཧོང་གི་སྲིད་བློན་ཕོ་བྲང་དཀར་པོའི་ནང་རྒྱལ་དོན་འཚམས་དྲིར་ཕེབས་ཡོད་པའི་སྐོར་གྱི་གནས་ཚུལ་དེ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

པེ་ལིསྚིན་གྱི་མི་ཚོས་སོ་སོའི་དངོས་ཆས་བསྡུ་རུབ་བྱ་རྒྱུར་གྲོང་ཁྱེར་ཀཱན་ཡོ་ནིས་ལ་ཕྱིར་ལོག་བྱས་ཡོད་པ་ - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 08, 2024 20:53 - 4 minutes - 3.97 MB

༄༅། །ཨིཛ་རཱ་ཡེལ་གྱིས་རང་ཉིད་ཀྱི་དམག་མི་རྣམས་ཀཱན་ཡོ་ནིས་སོཌ་གྷཱ་ཛ་ས་དཀྱུས་ནས་ཕྱིར་འཐེན་བྱས་པའི་རྗེས་པེ་ལིསྚིན་གྱི་མི་ཚོས་སོ་སོའི་དངོས་ཆས་བསྡུ་རུབ་བྱ་རྒྱུར་གྲོང་ཁྱེར་ཀཱན་ཡོ་ནིས་ལ་ཕྱིར་ལོག་བྱས་ཡོད་པ་སོཌ་ཀྱི་སྐོར་ལ་ཕུན་ཚོགས་ཚེ་རིང་གིས་གནས་ཚུལ་སྙན་སྒྲོན་གནང་གི་རེད།

གྷ་ཛའི་དམག་འཐབ་དང་འབྲེལ་བའི་ཐད་འཇར་མི་ནི་ལ་སྐྱོན་འཛུགས་ཀྱི་ཉན་ཞིབ། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 08, 2024 20:47 - 4 minutes - 4.56 MB

༄༅། །གྷ་ཛའི་དམག་འཐབ་ཀྱི་ནང་འཇར་མི་ནི་ཡིས་ཨེ་སི་རལ་ལ་དྲག་པོ་དང་ དེ་མིན་གྱི་རོགས་རམ་མཁོ་སྤྲོད་བྱས་པའི་སྐྱོན་འཛུགས་བྱས་པ་དེར་སྔོན་འགྲོའི་ཉན་ཞིབ་དེ་རེས་གཟའ་ཟླ་བའི་ཉིན་འགོ་འཛུགས་བྱས་ཡོད་པ་བཅས་ཀྱི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

རིན་གོང་དམའ་བའི་རྒྱ་ནག་གི་དངོས་ཟོག་ལ་ཨ་རིས་ཁས་ལེན་བྱ་རྒྱུ་མིན་པ། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 08, 2024 20:40 - 4 minutes - 3.83 MB

༄༅། །ཨ་རིའི་ནོར་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གིས་འཛམ་གླིང་གི་ཁྲོམ་རའི་ནང་རང་གི་ཐོན་སྐྱེས་རིང་གོང་ཚུལ་དང་མི་མཐུན་པའི་དམའ་པོའི་རིགས་ཕྱིར་ཚོང་བྱེད་པར་ང་ཚོས་ཁས་ལེན་བྱེད་ཀྱི་མ་རེད་ཅེས་གསུངས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཨ་མེ་རི་ཀས་ཨི་སི་རེལ་ལ་དམག་དོན་གྱི་རྒྱབ་སྐྱོར་ཅི་ཞིག་བྱས་ཡོད་དམ། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 08, 2024 20:21 - 3 minutes - 3.58 MB

འཛམ་གླིང་དམག་ཆེན་གཉིས་པ་ནས་བཟུང་། ཨི་སི་རེལ་ལ་ད་ཕན་ཐོབ་པའི་ཨ་རིའི་རོགས་སྐྱོར་ནི། རྒྱལ་ཁབ་གཞན་ཁག་ལས་མང་ཤོས་ཡིན་པ་དང་། ཨ་རིའི་རྒྱབ་སྐྱོར་འོག་ཨི་སི་རེལ་གྱིས་ཧ་མ་སི་དྲག་སྤྱོད་པར་རྒོལ་རྡུང་གཏོང་བའི་གནས་ཚུལ་མདོར་བསྡུས་ཤིག་གཤམ་གསལ།

རྒྱ་གར་ནས་བོད་ལ་ཕྱིར་ལོག་སྐབས་འཛིན་བཟུང་། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 08, 2024 16:53 - 15 minutes - 14.9 MB

དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ལྷན་དུ་རྒྱ་གར་ལ་སློབ་སྦྱོང་རྗེས་བོད་ལ་ཕྱིར་ལོག་སྐབས་འཛིན་བཟུང་འོག་ཚུད་པའི་སྐོར་གླེང་མོལ་ཞུས་པ་ཞིག་གསན་རོགས་གནང་།

འཁྱགས་རོམ་བཞུ་བ་དང་མཚོ་ཁ་སྐམ་པར་འགྱུར་བའི་གནས་སྟངས་འདིས་དབུས་ཨེ་ཤེ་ཡའི་ཆུའི་དཀའ་ངལ། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 08, 2024 16:39 - 3 minutes - 3.25 MB

དེང་སྐབས་དབུས་ཨེ་ཤེ་ཡའི་ཁུལ་དུ་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་ཆུ་དཀོན་པའི་དཀའ་ངལ་རྒྱུན་ལྡན་དུ་གྱུར་ཡོད་པའི་གནས་ཚུལ་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན།

༸གོང་ས་མཆོག་ནས་ཧ་ཝར་ཊིའི་ཞིབ་འཇུག་སློབ་མ་ལྷན་དུ་མཇལ་མོལ་གནང་བ། - སྤྱི་ཟླ་བཞི་པ། ༠༩, ༢༠༢༤

April 08, 2024 16:09 - 3 minutes - 3.64 MB

༧གོང་ས་མཆོག་ནས་ཕྱི་ཟླ་ ༤ ཚེས་ ༨ ཉིན་ནས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཨ་མི་རི་ཀའི་ཧར་ཝར་ཊའི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཁག་ཅིག་དང་ལྷན་དུ་འགོ་ཁྲིད་དང་བདེ་སྐྱིད་འཚོལ་ཞིབ་ཅེས་པའི་ཚོགས་འདུའི་ཚོགས་མགོན་དུ་དབུ་བཞུགས་གནང་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱི་སྙན་སྒྲོན་གནང་གི་རེད་།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༨, ༢༠༢༤

April 08, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨེ་ཁོཝེ་གྲོར་གྱིས་མེཀ་སི་ཀོའི་གཞུང་ཚབ་ལ་བཙན་རྒོལ་བྱེད་དོན། - སྤྱི་ཟླ་བཞི་པ། ༠༨, ༢༠༢༤

April 08, 2024 00:27 - 3 minutes - 3.55 MB

༄༅། །ཨེ་ཁོཝེ་གྲོར་ཡུལ་གྱི་ཉེན་རྟོགས་མི་སྣ་ཚོས་མེཀ་སི་ཀོའི་གཞུང་ཚབ་ཁང་ལ་ བཙན་རྒོལ་ཐོག་ཨེ་ཁོཝེ་གྲོར་གྱི་སྲིད་འཛིན་སྐུ་གཞོན་ཟུར་པ་དེ་འཛིན་བཟུང་ བྱས་རྗེས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།

གྷཱ་ཛ་ལྷོ་ཕྱོགས་ནས་ཨིཛ་རཱ་ཡེལ་གྱི་དམག་མི་ཚང་མ་ཕྱིར་འཐེན་བྱས་ཡོད་པ། - སྤྱི་ཟླ་བཞི་པ། ༠༨, ༢༠༢༤

April 08, 2024 00:20 - 4 minutes - 4.14 MB

༄༅། །ཨིཛ་རཱ་ཡེལ་གྱིས་དམག་མི་ཆིག་སྟོང་ཙམ་ཡོད་པའི་དམག་སྡེ་དཔུང་སྡེ་གཅིག་མ་ག་ཏོཌ་དེ་མིན་དམག་མི་ཚང་མ་གྷཱ་ཛ་ས་དཀྱུས་ཀྱི་ལྷོ་ཕྱོཌ་ཀྱི་ས་ཁུལ་ནས་ཕྱིར་འཐེན་བྱས་ཡོད་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།

ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་འཚམས་གཟིགས། - སྤྱི་ཟླ་བཞི་པ། ༠༨, ༢༠༢༤

April 08, 2024 00:13 - 3 minutes - 3.05 MB

༄༅། །ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་སར་གྷེ་ལཝ་རོཝ་ཡིས་རྒྱ་ནག་དང་མཉམ་དུ་མཐུན་འབྲེལ་ཇེ་ཟབ་ཏུ་གཏོང་རྒྱུ་དང་ཡུཀེ་རེན་གྱི་ནང་དམག་འཁྲུགས་ཀྱི་སྐོར་ལ་གྲོས་བསྡུར་བྱེད་རྒྱུའི་དོན་དུ་རེས་གཟའ་ཟླ་བ་དང་མིག་དམར་ཉིན་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་ཀྱི་ཡོད་པའི་སྐོར་ལ་ནོར་བུ་བསམ་འཕེལ་གྱིས་སྙན་སྒྲོན་གནང་གི་རེད།

ཟླ་བ་དྲུག་རིང་དམག་འཐབ་བྱས་པའི་རྗེས་ཨེ་སི་རལ་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་འགྲོ་ཡི་ཡོད་པ། - སྤྱི་ཟླ་བཞི་པ། ༠༨, ༢༠༢༤

April 08, 2024 00:09 - 4 minutes - 4.25 MB

༄༅། །ཨེ་སི་རལ་གྱིས་གྷ་ཛ་ནང་ཧ་མ་སིའི་ཐོག་དམག་འཐབ་བྱས་ཏེ་ཟླ་བ་དྲུག་ཙམ་ཞིག་འགྲོ་ཡི་ཡོད་པའི་སྐབས་འདིར་ཨེ་སི་རལ་གཞུང་ལ་རང་གི་ཡུལ་མི་དང་རྒྱལ་སྤྱིའི་མི་མང་གཉིས་ཀའི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆུང་དུ་འགྲོ་བཞིན་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ནང་ཕེབས་འབྱོར་གནང་ཡོད་པ། - སྤྱི་ཟླ་བཞི་པ། ༠༨, ༢༠༢༤

April 08, 2024 00:02 - 9 minutes - 9.34 MB

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་མི་རི་ཀ་དང་ཁེ་ན་ཌ་གཉིས་ནང་གི་གཞུང་འབྲེལ་མི་སྣ་ཁག་དང་མཇལ་འཕྲད་ཞུ་ཆེད་སྲིད་སྐྱོང་མཆོག་ཁེ་ན་ཌའི་ནང་ཕེབས་འབྱོར་གནང་ཡོད་པའི་སྐོར་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༨, ༢༠༢༤

April 08, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད།  དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལེན་དང་རྒྱ་ནག་གི་སྲིད་བློན་ལི་ཆང་གཉིས་ཐུག་འཕྲད། - སྤྱི་ཟླ་བཞི་པ། ༠༨, ༢༠༢༤

April 07, 2024 20:12 - 5 minutes - 4.91 MB

སྤྱི་ཟླ་བཞི་པའི་ཚེས་དྲུག་རེས་གཟའ་ཉི་མའི་ཉིན། ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལེན་ལགས་ཀྱིས་པེ་ཅིང་དུ་རྒྱ་ནག་གི་སྲིད་བློན་ལི་ཆང་ལ་མཇལ་འཕྲད་གནང་སྟེ། ཕྱོགས་གཉིས་དབར་གྲོས་མོལ་དཀའ་ཚེགས་ཅན་གནང་བ་བརྒྱུད་འདས་པའི་ལོ་གཅིག་རིང་ལ་འབྲེལ་ལམ་གཏན་འཇགས་གནས་ཐུབ་པའི་རྨང་གཞི་བཏིང་ཡོད་པ་གསུངས་སྐོར་འདིར་གསལ།

འབྱུང་ལ་ཉེ་བའི་ཉི་འཛིན། - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 15:47 - 10 minutes - 9.44 MB

༢༠༢༤ ལོའི་ཕྱི་ཟླ་༤ པའི་ཚེས་༨ ཉིན་ Solar Eclipe ཞེས་པ་ཉི་མར་འཁོར་སྐྱོད་བྱེད་མཁན་སྒྱུར་སྐར་ཁག་གི་ནང་ནས་གཟའ་སྐར་ཟླ་བས་ཉི་མའི་དཀྱིལ་འཁོར་གྱི་ཕྱོགས་གཅིག་སྒྲིབ་ཀྱི་ཡོད་པ་དེའི་སྐོར་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་འདི་གའི་ལས་བྱེད་བཀྲ་ཤིས་དབང་ཕྱུག་ལགས་སུ་གླེང་མོལ་ཞུས་ཡོད།

རྩོམ་སྒྲིག་པའི་གཏམ་ཚོགས། འཛམ་གླིང་སྤྱི་ཐབ་ངོ་སྤྲོད། - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 15:17 - 12 minutes - 11.6 MB

དེ་རིང་གི་རྩོམ་སྒྲིག་པའི་གཏམ་ཚོགས་ནང་ས་ཡོམ་དང་དམག་འཁྲུག་སོགས་ཀྱི་ནང་རིན་མེད་ཟས་སྦྱིན་བྱེད་མཁན་འཛམ་གླིང་སྤྱི་ཐབ་ངོ་སྤྲོད་ཞུས་ཡོད་པར་གསན་རོགས་གནང་།

རྒྱ་གཞུང་གིས་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་ནང་མི་ཚོར་མུ་མཐུད་ནས་དོ་ཕོག་གཏོང་བ། - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 14:41 - 3 minutes - 2.86 MB

འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་མང་པོས། རྒྱ་ནག་གི་ཉེ་བའི་ཟླ་ཤས་ནང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་ཁོང་ཚོའི་ཁྱིམ་མིར་གནོད་འཚེ་གཏོང་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ནང་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨ་རིས་ཨི་སི་རེལ་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་ལྡོག་བཏང་བ། - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 02:20 - 4 minutes - 3.78 MB

ཉེ་དུས་ཨི་སི་རེལ་གྱིས་སྐྱོབ་གསོའི་ལས་འགུལ་སྤེལ་མཁན་རྒྱལ་སྤྱིའི་མི་སྣའི་ཐོག་གཏོར་རྒོལ་ཆེན་པོ་ཞིག་བཏང་བའི་རྗེས་སུ། ཨ་རིས་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཞིག་བཏང་སྐོར་འདི་གའི་གསར་གསར་འགོད་པ་སིན་ཌི་སིན་ལགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཧ་ཝ་དབྱིར་དམག་དོན་གྱི་ཚོགས་འདུ་ཞིག་འཚོཊ་འདུག - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 02:04 - 3 minutes - 3.31 MB

བདུན་ཕྲག་འདིའི་ནང་། ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་དམག་དོན་དཔོན་རིགས་ཚོས་ཨ་རིའི་མངའ་སྡེ་ཧ་ཝ་དབྱི་ནང་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་སྐོང་འཚོགས་བྱས་ཡོད་པའི་སྐོར་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

ཨ་རི་དང་རྒྱ་ནག་གཉིས་དབར་དཔལ་འབྱོར་དོ་སྙོམས་ངང་ཡར་རྒྱས་གཏང་རྒྱུར་གྲོས་འཆམ་བྱུང་བ། - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 01:50 - 3 minutes - 3.39 MB

ཨ་རིའི་ནོར་སྲིད་དྲུང་ཆེ་ལྕམ་ཡེ་ལན་ལགས་ཀྱིས་རྒྱ་ནག་གི་སྲིད་བློན་གཞོན་པ་སོགས་དང་ཉིན་གྲངས་གཉིས་རིང་གི་ཐུག་འཕྲད་གྲོས་མོལ་ལེགས་པར་གྲུབ་སྟེ། ཕྱོགས་གཉིས་བར་དཔལ་འབྱོར་དོ་སྙོམས་ངང་ཡར་རྒྱས་གཏོང་ཕྱོགས་ཐད་ལས་གཞི་གལ་ཆེན་པོ་གཉིས་ཀྱི་ཐོག་ལ་གྲོས་འཆམ་བྱུང་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

ཡུག་ཀེ་རེན་གྱི་དམག་འཁྲུག་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ། - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 01:42 - 4 minutes - 4 MB

ཨུ་རུ་སུའི་དམག་མི་རྣམས་ཡུག་ཀེ་རེན་ནང་མུ་མཐུད་ནས་མདུན་བསྐྱོད་བྱས་ཏེ། དམག་འཁྲུག་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

བྷ་ཌན་གྱིས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་དང་བཙོན་པ་གློད་གྲོལ་ཡོང་ཆེད་ནན་བསྐུལ། - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 01:37 - 4 minutes - 4.41 MB

ཨ་མི་རི་ཀའི་སྲིད་འཛིན་བྷ་ཌན་གྱིས་དཀྱིལ་ཤར་ཁུལ་དུ་མེ་འཕེན་མཚམས་འཇོག་དང་བཙོན་པ་གློད་གྲོལ་ཡོང་ཆེད་བར་འདུམ་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ལ་སྐུལ་མ་གནང་ཡོད་པ་དང་། གཟའ་མཇུག་ཏུ་དེ་དོན་བསྐྱར་དུ་གྲོས་མོལ་གནང་འཆར་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༧, ༢༠༢༤

April 07, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

མ་འོངས་པའི་རྒྱ་གར་གྱི་འགོ་ཁྲིད་ཚོར་ཐུག་འཕྲད་ཀྱིས་བོད་དོན་དྲིལ་བསྒྲགས། - སྤྱི་ཟླ་བཞི་པ། ༠༦, ༢༠༢༤

April 06, 2024 15:26 - 29 minutes - 27.7 MB

ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ནས་བོད་རང་བཙན་འཐབ་རྩོད་པ་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་དང་ལྷན་དུ་ཁོང་གི་ཟླ་བ་བཞི་ལྷག་གི་རྒྱ་གར་ཤེས་ཡོན་སྡེ་ཁག་ཏུ་བོད་དོན་དྲིལ་བསྒྲགས་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ལ་བཀའ་འདྲི་ཞུས་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༦, ༢༠༢༤

April 06, 2024 14:00 - 1 hour - 56.3 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

༧གོང་ས་མཆོག་ཤྲི་ལང་ཀར་ཆིབས་བསྒྱུར་གནང་རྒྱུར་རྒྱ་གཞུང་གིས་བཀག་འགོག་བྱེད་ཀྱི་ཡོད་པ། - སྤྱི་ཟླ་བཞི་པ། ༠༦, ༢༠༢༤

April 06, 2024 12:22 - 3 minutes - 3.09 MB

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཤྲི་ལང་ཀར་གནས་གཟིགས་ལ་ཆིབས་བསྒྱུར་མཛད་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་བྱེད་ཀྱི་ཡོད་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༦, ༢༠༢༤

April 06, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 05, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ས་མིང་དང་རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 05, 2024 01:49 - 4 minutes - 4.25 MB

ཉེ་ཆར་རྒྱ་ནག་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་ལུང་ཁག་ཅིག་ལ་མིང་གསར་བ་བཏགས་ཅིང་། འདི་དག་རྒྱ་ནག་གི་མངའ་ཁོངས་སུ་སྒྲུབ་པར་རྒྱ་གར་གྱིས་ཡ་ལན་སློག་ཅིང་ཨ་རུ་ན་ཅལ་ནི་ནམ་ཡང་རྒྱ་གར་གྱི་ཆ་ཤས་ཡིན་པ་དེར་འགྱུར་བ་གཏན་ནས་འགྲོ་གི་མ་རེད་ཅེས་ལན་འདེབས་བྱས་ཡོད་པའི་སྐོར་ཀུན་བཟང་སྒྲོལ་མས་སྙན་སྒྲོན་ཞུས་ཡོད།

པེ་ཅིང་གིས་ཐེ་ཝན་གྱི་ས་ཡོམ་དང་འབྲེལ་ནས་ཡུལ་དེར་བདག་དབང་ཡོད་ལུགས་བཤད་བཞིན་པ་དེར་ཐེ་ཝན་གྱིས་སྐྱོན་བརྗོད། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 05, 2024 01:38 - 3 minutes - 3.16 MB

པེ་ཅིང་གཞུང་གིས་རེས་གཟའ་ལྷག་པའི་ཉིན་ཐེ་ཝན་དུ་ས་ཡོམ་གྱི་གོད་ཆགས་བྱུང་བ་དང་སྟབས་བསྟུན་ནས། རྒྱལ་སྤྱིའི་ཐོག་ལ་ཐེ་ཝན་དེ་བཞིན་རྒྱ་ནག་གི་ཁོངས་གཏོགས་ཡིན་ལུགས་ཀྱི་འགྲེལ་བརྗོད་བྱེད་བཞིན་པའི་ཐད་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།

ཐེ་ཝན་གྱི་མྱུར་སྐྱོབ་པས་གཏེར་འདོན་མི་སྣ་བསྐྱབས། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 05, 2024 01:28 - 4 minutes - 4.2 MB

ཐེ་ཝན་དུ་ས་ཡོམ་བརྒྱབ་ཏེ་གཏེར་འདོན་མི་སྣར་ཉེན་ཁ་འཕྲད་སྐབས་མྱུར་སྐྱོབ་པ་དག་གིས་བསྐྱབས་ཡོད་པ་དང་། ༧གོང་ས་མཆོག་ནས་ཐེ་ཝན་དུ་ས་འགུལ་བྱུང་བར་ཐེ་ཝན་སྲིད་འཛིན་ལ་ཐུགས་གསོའི་འཚམས་འཕྲིན་གནང་ཡོད་པ་སོགས་ཀྱི་སྐོར་བསྟན་འཛིན་ལྷུན་གྲུབ་ཀྱིས་སྙན་སྒྲོན་ཞུས་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 05, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཤྲི་ལངྒ་ནས་༧གོང་ས་མཆོག་ལ་སྟོན་པའི་རིང་བསྲེལ་ཐུགས་དམ་གྱི་རྟེན་དུ་འབུལ་བཞེས་མཛད་པ། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 04, 2024 17:19 - 4 minutes - 3.94 MB

ཤྲི་ལངྒ་གི་ནང་པའི་བླ་ཆེན་ན་ཡ་ཀ་ ཐེ་རོ་མཆོག་གིས་ སི་རི་ལངྒའི་དགེ་འདུན་འདུས་ཚོགས་ཡོངས་ཀྱི་ཚབ་ཞུས་སྟེ་༧གོང་ས་མཆོག་ལ་སྟོན་པའི་རིང་བསྲེལ་ཐུགས་དམ་གྱི་རྟེན་དུ་འབུལ་ལམ་ཞུས་ཡོད་པའི་སྐོར་བཞུགས་སྒར་ནས་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་སྙན་སྒྲོན་གནང་གི་རེད།

མ་དབྱིན་ཇུག་རྒྱ་ནག་ཏུ་བསྐྱོད་དགོས་དོན་ཅི་ཡིན། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 04, 2024 17:04 - 20 minutes - 19.4 MB

རྒྱ་ནག་གིས་ཐེ་ཝན་ལ་དྲག་པོའི་འཇིགས་སྐུལ་སྣ་ཚོགས་ཤིག་བྱེད་བཞིན་པའི་སྐབས་འདིར་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་རྒྱ་ནག་ལ་ཉིན་༡༡་གི་འཚམས་འདྲིར་བསླེབས་ཏེ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་ཅིང། དེ་རིང་ང་ཚོའི་ལེ་ཚན་ལ་མ་དབྱིན་ཇུག་རྒྱ་ནག་ཏུ་འཚམས་འདྲིར་བསྐྱོད་དགོས་དོན་སོགས་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།།

ནེ་ཊོ་སྒྲིག་འཛུགས་བཙུགས་ཏེ་ལོ་༧༥འཁོར་བའི་དུས་དྲན་ལ་སྲུང་བརྩི། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 04, 2024 17:04 - 4 minutes - 4.28 MB

དེ་སྔ་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་ཆིངས་ཡིག་སྒྲིག་འཛུགས་ནེ་ཊོ་གསར་འཛུགས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ད་ཆ་ལོ་ངོ་༧༥འཁོར་བའི་སྐབས་དེར་ཚེས་༤རེས་གཟའ་ཕུར་བུའི་ཉིན་དུས་དྲན་ལ་སྲུང་བརྩི་ཞུ་ཡི་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།