ཨ་རིའི་རླུང་འཕྲིན་ཁང་། artwork

ཨ་རིའི་རླུང་འཕྲིན་ཁང་།

3,755 episodes - Tibetan - Latest episode: 13 days ago -

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

News
Homepage Apple Podcasts Google Podcasts Overcast Castro Pocket Casts RSS feed

Episodes

མོ་སི་ཁོའི་ནང་འཇིཊ་སྐུལ་དྲག་སྤྱོད་པ་ཚོས་མེ་མདའ་བརྒྱབ་ནས་མི་བརྒྱ་ལྷག་བསད་འདུག - སྤྱི་ཟླ་གསུམ་པ། ༢༤, ༢༠༢༤

March 24, 2024 01:41 - 4 minutes - 4.16 MB

འཇིགས་སྐུལ་དྲག་སྤྱོད་པས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་རོལ་དབྱངས་འཁྲབ་སྟོན་ཁང་ཞིག་ཏུ་མེ་མདའ་བརྒྱབ་ནས་མི་བརྒྱ་ལྷག་རྐྱེན་ལམ་དུ་བཏང་ཡོད་པ་དང་། དོགས་ཡོད་མི་སྣ་༡༡ འཛིན་བཟུང་བྱས་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༢༤, ༢༠༢༤

March 24, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞུ་གཏུག་དང་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་གཟིཊ་ཕྱོཊ། - སྤྱི་ཟླ་གསུམ་པ། ༢༣, ༢༠༢༤

March 23, 2024 15:02 - 20 minutes - 18.9 MB

བསྟན་འཛིན་ནོར་བཟང་ལགས་ཀྱིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་དང་ལྷན་དུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞུ་གཏུག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོང་ཐང་གི་གནས་སྟངས་ལ་གཟིགས་ཕྱོགས་སོགས་ཀྱི་སྐོར་ལ་གླེང་མོལ་ཞུས་ཡོད།

རྒྱ་གར་གྱི་དབང་འཛིན་པས་ཕྱོཊ་འགལ་ཚོཊ་པའི་འཐུས་མིར་ཞིབ་བཤེར་མང་པོ་བྱེད་བཞིན་པ། - སྤྱི་ཟླ་གསུམ་པ། ༢༣, ༢༠༢༤

March 23, 2024 14:17 - 3 minutes - 3.7 MB

རྒྱ་གར་གཞུང་གིས་དངུལ་རྩིས་དོ་དམ་ལྷན་ཁང་དེ་གཞུང་འཛིན་ཆབ་སྲིད་ཚོཊ་པའི་ལག་ཆ་ལྟ་བུར་བེད་སྦྱོད་བྱེད་བཞིན་ཡོད་པ་ཕྱོགས་འགལ་ཚོགས་པའི་དཔོན་རིགས་ཚོས་སྐྱོན་བརྗོད་བྱེད་བཞིན་ཡོད་པའི་སྐོར་རིག་འཛིན་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་ཡོད།

འཛམ་གླིང་གིས་མཱོ་སི་ཁོའི་རོལ་དབྱངས་ཐོག་ཁང་ལ་གཏོར་རྒོལ་ཐེབས་ཐད་དོ་སྣང་། - སྤྱི་ཟླ་གསུམ་པ། ༢༣, ༢༠༢༤

March 23, 2024 14:03 - 3 minutes - 3.72 MB

འཇིགས་སྐུལ་དྲག་སྤྱོད་པས་མཱོ་སི་ཁོའི་རོལ་དབྱངས་ཐོག་ཁང་ལ་གཏོར་རྒོལ་བཏང་སྟེ། ལྟད་མོ་བ་༡༠༠ ཡས་མས་ཤིག་ལ་སྲོག་སྐྱོན་དང་། བརྒྱ་ཕྲག་ལ་བརྒལ་བར་རྨས་སྐྱོན་བཏང་ཡོད་པའི་གནས་ཚུལ་ཐོན་རྗེས། འཛམ་གླིང་གི་དབུ་ཁྲིད་མང་པོས་ཀླ་ཀློའི་བྱ་སྤྱོད་དེར་སྐྱོན་བརྗོད་གནང་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༢༣, ༢༠༢༤

March 23, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༢༣, ༢༠༢༤

March 23, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༢༢, ༢༠༢༤

March 22, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

རྒྱ་གར་དང་འབྲུག་ཡུལ་གྱི་ཕྱི་འབྲེལ། - སྤྱི་ཟླ་གསུམ་པ། ༢༢, ༢༠༢༤

March 22, 2024 02:46 - 4 minutes - 3.92 MB

རྒྱ་གར་གྱི་སྲིད་བློན་མོ་ཌི་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་རྒྱུ་གནམ་གཤིས་ཀྱི་རྐྱེན་པས་ཕྱིར་འགྱངས་བྱས་ཡོད་ནའང་། རྒྱ་གར་གཞུང་གིས་འབྲུག་ཡུལ་བར་གྱི་འབྲེལ་ལམ་དེ་གལ་ཆེན་པོར་བརྩི་བཞིན་ཡོད་པའི་གནས་ཚུལ་པདྨ་བདེ་ཆེན་གྱིས་སྙན་སྒྲོན་ཞུས་ཡོད།

ཨ་རིས་ཨ་རུ་ན་ཅལ་ནི་རྒྱ་གར་གྱི་མངའ་ཁོངས་བསྙོན་མེད་དུ་ཁས་བླངས། - སྤྱི་ཟླ་གསུམ་པ། ༢༢, ༢༠༢༤

March 22, 2024 02:36 - 3 minutes - 3.72 MB

ཨ་རིས་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཨ་རུ་ན་ཅལ་པྲ་རྡེཤ་དེ་རྒྱ་གར་གྱི་ཆ་ཤས་བསྙོན་མེད་ཅིག་ཡིན་ལ། རྒྱ་ནག་གིས་སོ་སོའི་མངའ་ཁོངས་སུ་ངོས་འཛིན་བྱ་བཞིན་པར་མོས་མཐུན་གནང་མེད་པའི་སྐོར་གྱི་གནས་ཚུལ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུས་ཡོད།

ཨ་རིས་གྷ་ཛའི་དམག་འཁྲུག་མཚམས་འཇོག་གི་གྲོས་འཆར་བཏོན། - སྤྱི་ཟླ་གསུམ་པ། ༢༢, ༢༠༢༤

March 22, 2024 02:13 - 2 minutes - 2.27 MB

ཨ་རིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གྲོས་འཆར་ཞིག་ཕུལ་ཡོད་པའི་ནང་དུ། གྷ་ཛའི་དམག་འཁྲུག་མཚམས་འཇོག་དང་མི་གཏའ་གློད་གྲོལ་གཏོང་རྒྱུ་སོགས་ཀྱི་ནང་དོན་འཁོད་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་གྱིས་སྙན་སྒྲོན་ཞུས་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༢༢, ༢༠༢༤

March 22, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨུ་རུ་སུར་ཁྲིད་པའི་ཡུཀ་རེན་གྱི་དྭ་ཕྲུག་གཅིག་གིས་རང་ལ་སྡིགས་སྐུལ་བྱས་བྱུང་ཞེས་བརྗོད་པ། - སྤྱི་ཟླ་གསུམ་པ། ༢༢, ༢༠༢༤

March 21, 2024 17:20 - 5 minutes - 4.83 MB

ཨུ་རུ་སུས་ཡུཀ་རེན་གྱི་དྭ་ཕྲུག་མང་པོ་ཡུཀ་རེན་ནས་བཙན་ཁྲིད་ཀྱིས་ཨུ་རུ་སུའི་ནང་གནས་སྤོ་བྱེད་དུ་བཅུག་པའི་ཁོངས་ནས་དྭ་ཕྲུག་ན་གཞོན་ཞིག་གིས་ང་རང་ནས་ཨུ་རུ་སུར་དགའ་མོས་བྱེད་ཀྱི་ཡོད་པའི་སྐོར་ལ་བརྙན་འཕྲིན་གྱི་པར་ཆས་མདུན་ཤོད་རྒྱུར་སློབ་སྟོན་དང་ཉེན་བརྡ་སྡིགས་སྐུལ་བྱས་བྱུང་ཞེས་བརྗོད་པའི་གནས་ཚུལ་ཞིག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡིས་ཨོསི་ཀྲེ་ལི་ཡའི་སྲིད་བློན་ཟུར་པ་ཀིཀྲིང་དང་གྲོས་མོལ། - སྤྱི་ཟླ་གསུམ་པ། ༢༢, ༢༠༢༤

March 21, 2024 17:09 - 3 minutes - 2.86 MB

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡིས་རེས་གཟའ་ཕུར་བུའི་ཉིན་ཨོསི་ཀྲེ་ལི་ཡའི་སྲིད་བློན་ཟུར་པ་པོལ་ཀི་ཀྲིང་དང་ཐུག་འཕྲད་ཀྱིས་ཨ་མི་རི་ཀའི་མཐུན་ཕྱོགས་ཡིན་པ་ཨོསི་ཀྲེ་ལི་ཡས་རང་དབང་ཅན་གྱི་ཕྱི་འབྲེལ་སྲིད་ཇུས་བཟུང་དགོས་པའི་སྐུལ་སློང་བྱས་ཡོད་པའི་སྐོར་ནམ་མཁའ་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཉག་ཚུ་རྫོང་ཁུལ་གྱི་མེ་སྐྱོན་གྱི་གནས་ཚུལ་མང་ཚོགས་སྒེར་ངོས་ནས་བརྙན་པར་དྲ་ལམ་དུ་བཀོད་སྤེལ་ལ་བཀག་སྡོམ། - སྤྱི་ཟླ་གསུམ་པ། ༢༢, ༢༠༢༤

March 21, 2024 16:51 - 3 minutes - 3.58 MB

བོད་ནང་ཉག་ཆུ་རྫོང་དུ་ཤིང་ནགས་ལ་མེ་སྐྱོན་དང་འབྲེལ་བའི་བརྙན་མང་ཚོགས་ནས་དྲ་ལམ་བཅས་པའི་ཐོག་བརྒྱུད་སྤེལ་མི་ཆོག་པ་དང་། བརྙན་པར་བླངས་པ་ཁག་མེད་པ་བཟོ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་སོགས་ཀྱི་སྐོར་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བལ་ཡུལ་ནས་བཏང་བའི་གནས་ཚུལ་དེ་སྙན་སྒྲོན་ཞུ་ཡི་རེད།

བོད་དོན་རྒྱབ་སྐྱོར་ཐོབ་ཆེད་ཆབ་སྲིད་ཚོགས་པ་ཚང་མར་འབྲེལ་བ་བྱ་གལ་ཆེ་བ། - སྤྱི་ཟླ་གསུམ་པ། ༢༢, ༢༠༢༤

March 21, 2024 16:42 - 4 minutes - 4.16 MB

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ལས་ཉིན་ ༤ པའི་ཚོགས་ཐུན་གཉིས་པའི་ཐོག་གྲོས་ཚོགས་ལ་ཨ་མི་རི་ཀའི་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་དག་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་པ་གསུང་པ།

ནང་ཆོས་ཐོག་ནས་ཤར་ཕྱོགས་པར་དབྱེ་འབྱེད་ཀྱི་རྨ་ཁ་གསོ་ཐབས། - སྤྱི་ཟླ་གསུམ་པ། ༢༡, ༢༠༢༤

March 21, 2024 15:44 - 11 minutes - 10.3 MB

ཨ་རིའི་ནང་རྒྱ་རིགས་སོགས་ཤར་ཕྱོགས་པའི་གདོང་རིས་ལ་དབྱེ་འབྱེད་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐབས་རྨ་ཁ་གསོ་ཐབས་དང་མི་རིགས་དབྱེ་འབྱེད་མེད་པ་བཟོ་ཆེད་ནང་ཆོས་ཉམས་ལེན་གྱི་ཐོག་ནས་ལས་འགུལ་སྤེལ་དུས་བོད་བརྒྱུད་ནང་བསྟན་གྱི་འབྲེལ་ཡོད་མི་སྣ་མཉམ་ཞུགས་གནང་ཡོད་པ་སོགས་ཀྱི་སྐོར་ལ་མཁན་པོ་དཔལ་འབྱོར་རྒྱ་མཚོ་ལགས་

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༢༡, ༢༠༢༤

March 21, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༢༡, ༢༠༢༤

March 21, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སླར་ཡང་དཀྱིལ་ཤར་དུ་ཆེད་ཕེབས་གནང་འདུག - སྤྱི་ཟླ་གསུམ་པ། ༢༡, ༢༠༢༤

March 20, 2024 22:29 - 2 minutes - 2.69 MB

ཨིསི་རལ་དང་ཧ་མཱསེ་གཉིས་ཀྱི་དམག་འཁྲུག་འོག་གྷ་ཛ་ཡི་མི་མང་རྣམས་མུ་གེ་བཀྲེས་ལྟོག་གི་གནས་སྟངས་སུ་ལྷུང་ལ་ཉེ་བའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་སླར་ཡང་དཀྱིལ་ཤར་དུ་ཆེད་ཕེབས་ཀྱིས་ཁུལ་དེའི་དཀའ་ངལ་སེལ་ཐབས་གནང་བཞིན་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོ་ཞུ་ཡི་རེད།

ཨོ་གླིང་ནང་བོད་མི་ཚོས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་ངོ་རྒོལ། - སྤྱི་ཟླ་གསུམ་པ། ༢༡, ༢༠༢༤

March 20, 2024 21:59 - 7 minutes - 6.95 MB

ཨོ་གླིང་ནང་གི་བོད་མི་ཚོས་ཨོ་གླིང་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་མཇལ་འཕྲད་གནང་སྐོབས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། །ཨོ་སི་ཀྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་ནས་ཡུ་ཁུར་དང་བོད། །ཧོང་ཀོང་སོགས་ཀྱི་འགྲོ་བ་མི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་མོལ་ཞུས་པའི་སྐོར་པ་སངས་དབྱངས་སྐྱིད་ནས་ཕྱོགས་སྒྲིག་ཞུ་ཡི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༢༠, ༢༠༢༤

March 20, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཕུ་ཊིན་གྱི་འོས་བསྡུའི་འཁྲབ་སྟོན། - སྤྱི་ཟླ་གསུམ་པ། ༢༠, ༢༠༢༤

March 20, 2024 12:21 - 15 minutes - 14.5 MB

ཨུ་རུ་སུའི་སྲིད་འཛིན་འོས་བསྡུ་བྱས་ནས་ཕུ་ཊིན་ལ་སླར་ཡང་འོས་ཤོག་མང་ཆེ་བ་ཐོབ་ཡོད་ཅིང་། འོས་བསྡུ་དེ་ནི་འཁྲབ་སྟོན་བྱས་པ་ཞིག་ཡིན་རུང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོ་ཞིག་གིས་དེང་སྐབས་ར་ཤི་ཡའི་གནས་སྟངས་མཚོན་ཐུབ་ཀྱི་ཡོད་པ་རེད། དེ་རིང་གི་ང་ཚོའི་བསྐྱར་ཞིབ་ལེ་ཚན་ལ་དེའི་སྐོར་གླེང་སློང་ཁག་ཅིག་ཞུ་རྒྱུ་ཡིན།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༢༠, ༢༠༢༤

March 20, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

རྒྱ་དཀར་གཉིས་ཀྱིས་རྒྱ་གར་རྒྱ་མཚོའི་ཐོག་གི་ཤུགས་རྐྱེན་ལ་འགྲན་སྡུར། - སྤྱི་ཟླ་གསུམ་པ། ༢༠, ༢༠༢༤

March 19, 2024 20:15 - 4 minutes - 3.95 MB

༄༅། །ཉེ་བའི་གཟའ་འཁོར་ནང་རྒྱ་ནག་གིས་མལ་ཌིབསེ་ཐེ་བའི་རྒྱ་གར་རྒྱ་མཚོའི་ཐོག་གི་མཚོ་གླིང་རྒྱལ་ཁབ་ཁག་དང་བདེ་སྲུང་གི་འབྲེལ་ལམ་གཏིང་གཟབ་ཏུ་གཏོང་བཞིན་པའི་ཐོག་ནས་རྒྱ་དཀར་ནག་གཉིས་དབར་ཁུལ་དེའི་ནང་གི་ཤུགས་རྐྱེན་ལ་འགྲན་སྡུར་ཤུགས་ཆེ་བྱེད་བཞིན་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

གྷ་ཛ་ནང་བཀྲེས་ལྟོག་གི་མནར་བའི་སྐབས་མེ་འཕེན་མཚམས་འཇོག་གི་རེ་བ། - སྤྱི་ཟླ་གསུམ་པ། ༢༠, ༢༠༢༤

March 19, 2024 20:03 - 5 minutes - 4.89 MB

༄༅། །གྷ་ཛ་ནང་ཟླ་བ་འགའ་ཤས་རིང་ཨེ་སི་རལ་དང་ཧ་མ་སིའི་དབར་འཐབ་འཁྲུག་ཤུགས་ཆེ་བརྒྱབ་པའི་རྐྱེན་གྱིས་པ་ལི་སི་ཐན་བ་སྟོང་ཕྲག་འགའ་ཤས་ལ་བཟའ་བཅའ་མ་འདང་པར་མུ་གེས་མནར་བའི་སྐབས་འདིར་གྷ་ཛ་ནང་མེ་འཕེན་མཚམས་འཇོག་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཁེ་ནེ་ཊས་རྒྱ་ནག་གི་ཊིག་ཀྲོག་མཉེན་ཆས་ལ་བསྐྱར་ཞིབ་བྱེད་ཀྱི་ཡོད་པ། - སྤྱི་ཟླ་གསུམ་པ། ༢༠, ༢༠༢༤

March 19, 2024 17:16 - 4 minutes - 3.97 MB

ཁེ་ནེ་ཊས་ཡུལ་དེའི་རྒྱལ་ཡོངས་བདེ་འཇགས་དང་འབྲེལ་བའི་ཐོག་ནས་རྒྱ་ནག་གིས་གཉེར་བའི་ཊིག་ཀྲོག་མཉེན་ཆས་ཐོག་བསྐྱར་ཞིབ་བྱ་རྒྱུ་འགོ་འཛུགས་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཨི་སི་རལ་གྱིས་ར་ཧྥ་ནང་དྲག་པོའི་ལས་འགུལ་ཐད་གྲོས་མོལ་བྱེད་མཁན་ཨ་རིར་གཏོང་རྒྱུ། - སྤྱི་ཟླ་གསུམ་པ། ༢༠, ༢༠༢༤

March 19, 2024 17:15 - 5 minutes - 5.22 MB

ཨི་སི་རལ་གྱིས་གྷ་ཛའི་ལྷོ་ཕྱོགས་ས་ཁུལ་ར་ཧྥ་ནང་དྲག་པོའི་ལས་དོན་གཉེར་རྒྱུའི་འཆར་གཞི་ཡོད་པའི་ཐད་གྲོས་མོལ་བྱེད་མཁན་སྐུ་ཚབ་ཚོགས་པ་ཞིག་ཨ་རིར་གཏོང་རྒྱུར་ཨི་སི་རལ་གྱིས་མོས་མཐུན་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བཀའ་ཤག་གི་དགོངས་ཚུལ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 19, 2024 15:39 - 4 minutes - 4.56 MB

བོད་ནང་གི་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་བའི་སྐབས་སྤྱི་འཐུས་ཁག་ཅིག་གི་དགོངས་ཚུལ་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་གནང་བ།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 19, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 19, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཡོ་རོབ་མཉམ་འབྲེལ་ནས་རྒྱ་ནག་གི་ཆིབ་ལེབ་ལ་བསྐྱར་ཞིབ་གནང་འཆར། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 18, 2024 23:13 - 3 minutes - 3.17 MB

ཡོ་རོབ་མཉམ་འབྲེལ་ནས་ཨ་རི་དང་ལྷན་དུ་རྒྱ་ནག་ནས་བཟོ་བསྐྲུན་བྱས་པའི་གློག་ཀླད་ནང་གི་ཆིབ་ལེབ་བེད་སྤྱོད་ཀྱི་ཉེན་ཁར་དངོས་སུ་བསྐྱར་ཞིབ་གནང་འཆར་ཡོད་པའི་སྐོར་གསར་འགྱུར་ཁག་ནང་གནས་ཚུལ་ཐོན་པ་ཞིག་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།

ཕུ་ཊིན་གྱིས་རང་ལ་རྒྱལ་ཁ་ཐོབ་པར་དགའ་བསུ་ཞུས་ཀྱང་ ངོ་རྒོལ་བྱེད་མཁན་བྱུང་བ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 18, 2024 23:09 - 4 minutes - 4.17 MB

༄༅། །སྲིད་འཛིན་ཕུ་ཊིན་གྱིས་རང་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་དགའ་བསུ་ཞུས་ཡོད་ཀྱང་ཁོང་གིས་རང་ལ་ངོ་རྒོལ་བྱེད་མཁན་རྣམས་ལ་དྲག་གནོན་ཤུགས་ཆེ་བྱས་པར་མ་ལྟོས་པར་ད་དུང་ངོ་རྒོལ་བྱེད་མཁན་མང་པོ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

གསར་འགྱུར་བརྫུས་མ་ཁྱབ་གདལ་ཡོང་རྒྱུའི་ཉེན་བརྡ་བཏང་བ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 18, 2024 23:03 - 4 minutes - 4.09 MB

༄༅། །ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་འོས་བསྡུ་བྱེད་ཀྱི་ཡོད་པར་བརྟེན་ནས་གསར་འགྱུར་བརྫུས་མ་ཧ་ཅང་གི་མང་པོ་ཁྱབ་གདལ་ཡོང་རྒྱུའི་ཉེན་བརྡ་བཏང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

མཚོ་གླིང་སྟེང་གི་ཙི་ཙིའི་གྲངས་འབོར་ཚད་ལས་བརྒལ་བར་འགྱུར་གྱི་ཡོད་པ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 18, 2024 17:59 - 3 minutes - 3.73 MB

ལོ་ངོ་ཉིས་བརྒྱའི་གོང་དུ་ལྷོ་སྣེའི་འཁྱགས་རོམ་གླིང་ཕྲན་དེའི་སྟེང་སྣང་མེད་ཐོག་ཙི་ཙི་ཁག་ཅིག་བཞག་ཡོད་འདུག་ཅིང་། དེང་སྐབས་གནམ་གཤིས་ཚ་དྲོད་མཐོ་རུ་སོང་བའི་རྐྱེན་གྱིས་ཙི་ཙི་དེ་རིགས་སྐྱེད་འཕེལ་ཚད་ལས་བརྒལ་བར་འགྱུར་སྟེ་ད་ཆ་རྩ་མེད་བཟོ་རྒྱུའི་འཆར་གཞི་ཞིག་གཏིང་གི་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན།

འོས་འཕེན་མཁན་མང་པོས་ཨ་རིའི་དཔལ་འབྱོར་ལ་ཡིད་ཐང་ཆད་པ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 18, 2024 17:50 - 4 minutes - 3.94 MB

༄༅།། འོས་ཤོག་འཕེན་མཁན་ཧ་ཅང་མང་པོ་ཞིག་གིས་ཨ་རིའི་དཔལ་འབྱོར་ལ་ཡིད་ཐང་ཆད་པའི་རྒྱུ་མཚན་ཅི་ཡིན་ཞེས་ན་ཁང་པའི་རིན་གོང་ཆགས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

རིང་བསྲེལ་སྐོར་སྐྱོད་ཀྱི་ལས་རིམ་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 18, 2024 17:43 - 5 minutes - 4.88 MB

༄༅།། རྒྱ་གར་གཞུང་ནས་ཐའི་ལེནཊ་ནང་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་སྐོར་སྐྱོད་ཀྱི་ལས་རིམ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་མཐུན་སྒྲིལ་གོང་འཕེལ་ཐད་འབྲེལ་བ་དམ་ཟབ་ཏུ་གཏོང་བཞིན་པའི་སྐོར་གྱི་གནས་ཚུལ་དེ་བསྟན་འཛིན་ནོར་བསམ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

བོད་ནང་ཚར་ལོངས་དང་ཆོས་ཞུགས་ལ་དཀའ་ངལ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 18, 2024 17:37 - 13 minutes - 12.8 MB

དེ་རིང་གི་མཐོང་ཐོས་བྱུང་བའི་བོད་ཀྱི་གནས་ཚུལ་ལ་དྲན་གསོའི་ལས་རིམ་ནང་བོད་ནང་ཚར་ལོངས་དང་ཆོས་ཞུགས་མི་ཆོག་པའི་དཀའ་ངལ་འཕྲད་པའི་གནས་ཚུལ་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་དང་གླེང་མོལ་ཞུས་པ་ཞིག་གསན་གནང་གི་རེད།

རྒྱ་གར་དང་སིང་ཀ་པོར་ཉི་ཧོང་བཅས་ཀྱི་ནང་སཱི་ཤེས་ཡོན་ཟབ་སྦྱོང་གནང་བ། - སྤྱི་ཟླ་གསུམ་པ། ༡༩, ༢༠༢༤

March 18, 2024 17:20 - 14 minutes - 13.2 MB

ཨ་མི་རི་ཀའི་ཨི་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་ སཱི་ཤེས་ཡོན་བསླབ་གཞིའི་རྐང་ཐུགས་འགན་བཞེས་མཁན་བརྩོན་འགྲུས་བསམ་འཕེལ་ལགས་གཉིས་ཀྱིས་ཉེ་དུས་རྒྱ་གར་དང་སིང་ཀ་པོར་དེ་བཞིན་ཉི་ཧོང་བཅས་ནང་སཱི་ཤེས་ཡོན་གྱི་ཟབ་སྦྱོང་གནང་བ་ཞིག་གསན་གྱི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༡༨, ༢༠༢༤

March 18, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༡༨, ༢༠༢༤

March 18, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད།  དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྲིད་འཛིན་ཟུར་པ་ཊམ་གྱིས་ཁོང་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་ཚེ་ལེགས་པོ་ཡོང་མིན་གྱིས་ཉེན་བརྡ་བཏང་བ། - སྤྱི་ཟླ་གསུམ་པ། ༡༨, ༢༠༢༤

March 17, 2024 22:23 - 4 minutes - 4.31 MB

ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོད་མི་སྲིད་འཛིན་ཟུར་པ་ཊམ་གྱིས་ཁོང་ལ་སྲིད་འཛིན་གྱིས་རྒྱལ་ཁ་མ་ཐོབ་པར་ཤོར་བ་ཡིན་ན་ཁྲག་དྲི་དྲོ་བའི་ཟིངས་ཆ་ཡོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་བའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

རྒྱ་གར་གྱི་གྲོང་ཁྱེར་བྷེང་ལོར་ནང་ཆུ་དཀོན་པོ་ཡོད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ། - སྤྱི་ཟླ་གསུམ་པ། ༡༨, ༢༠༢༤

March 17, 2024 21:51 - 4 minutes - 4.09 MB

༄༅། །རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་བྷེང་ལོར་ནང་ཆུ་དཀོན་པའི་དཀའ་ངལ་ཇེ་ཆེར་སོང་སྟེ་ས་གནས་མི་མང་ཚོས་གཡུན་རུང་བའི་སྡེར་མ་ཁག་བེད་སྤྱོད་བྱ་ དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་པའི་སྐོར་ཚེ་བརྟན་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།

འཛམ་གླིང་ཞི་བདེའི་ལྷན་ཚོགས་ཐོག་བོད་བརྒྱུད་ནང་པའི་དགེ་འདུན་པ་ཁག་ཅིག་གདན་ཞུ། - སྤྱི་ཟླ་གསུམ་པ། ༡༨, ༢༠༢༤

March 17, 2024 21:45 - 4 minutes - 4.16 MB

རྒྱ་གར་དབུས་གཞུང་རིག་གཞུང་ལྷན་ཁང་གིས་གོ་སྒྲིག་གནང་བའི་འཛམ་གླིང་ཞི་བདེའི་ལྷན་ཚོགས་ཐོག་བོད་བརྒྱུད་ནང་པའི་དགེ་འདུན་པ་ཁག་ཅིག་གདན་ཞུ་གནང་བ་ལྟར་ལྷན་ཚོགས་ནང་མཉམ་བཞུགས་གནང་ཡོད་པའི་སྐོར་རྒྱན་མཚན་ཆོས་གྲགས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ནས་སྙན་སྒྲོན་གནང་གི་རེད།

ཨ་རིའི་གསང་བའི་ལས་ཁུངས་ཆེད་གསང་གནས་བསྡུ་སོ་བལྟའི་སྲུང་སྐར་འཛུགས་རྒྱུ། - སྤྱི་ཟླ་གསུམ་པ། ༡༨, ༢༠༢༤

March 17, 2024 21:35 - 4 minutes - 4.36 MB

༄༅། །མཁའ་དབྱིངས་ཨེཀ་བཟོ་ཚོང་ཁང་གིས་ཨ་རིའི་གསང་འཕྲིན་ལས་ཁུངས་ཆེད་དུ་གསང་བའི་གནས་ཚུལ་བསྡུ་ལེན་གྱི་སྲུང་སྐར་དྲ་བ་འཛུགས་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ནཱ་ཝེལ་ནི་ཡི་མཐའ་མའི་མངོན་འདོད་གྲུབ་རྒྱུར་ཕུ་ཊིན་ལ་ཞི་བའི་ཐོག་ནས་ངོ་རྒོལ། - སྤྱི་ཟླ་གསུམ་པ། ༡༨, ༢༠༢༤

March 17, 2024 21:28 - 4 minutes - 3.91 MB

༄༅། །ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་བསྐྱར་དུ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་དེར་ངོ་རྒོལ་བྱེད་མཁན་སྟོང་ཕྲག་འགའ་ཤས་ཤིག་གིས་ཡུལ་དེའི་འོས་བསྡུ་བྱ་ཡུལ་ས་ཁུལ་ཁག་གི་ནང་བསྐྱོད་དེ་ཞི་བའི་ཐོག་ནས་ངོ་རྒོལ་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

བྷ་ཌན་གྱིས་ཁྲམ་ལ་སྐྱོན་བརྗོད་ཀྱི་ཚིག་རྒྱག་དང་འཕྱ་སྨོད་གནང་བ། - སྤྱི་ཟླ་གསུམ་པ། ༡༨, ༢༠༢༤

March 17, 2024 21:18 - 3 minutes - 3.34 MB

༄༅། །ལས་ཐོག་སྲིད་འཛིན་བྷ་ཌན་གྱིས་གཟའ་འཇུག་གི་གསར་འགོད་གསོལ་སྟོན་ཐོག་ཁོང་གི་ཁ་གཏད་ཌོ་ནལ་ཁྲམ་ལ་ཚིག་རྒྱག་རྒྱབ་ཏེ་ཁོང་གི་སེམས་ཁམས་བདེ་མིན་དང་བྱས་ཉེས་སོགས་འཐེར་འདོན་གནང་བ་སྦྲགས་སྐྱོན་བརྗོད་དང་འཕྱ་སྨོད་གནང་བའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཨ་ཧྥེ་རི་ཁའི་ནང་རྒྱ་ནག་གི་ལས་མིའི་གྲངས་འབོར་ཤུཊ་ཆེ་ཇེ་ཉུང་དུ་ཕྱིན་ཡོད་པ། - སྤྱི་ཟླ་གསུམ་པ། ༡༨, ༢༠༢༤

March 17, 2024 18:25 - 3 minutes - 3.03 MB

ཏོག་དབྱིབས་ནད་ཡམས་དང་རྡོ་སྣུམ་གྱི་རིན་གོང་འཕར་བ། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ཕྱོགས་ཐད་འགྲོ་གྲོན་ཉུང་དུ་བཏང་བ་སོགས་རྐྱེན་དུ་མས་དབང་གིས་ཨ་ཧྥེ་རི་ཁའི་ནང་རྒྱ་ནག་གི་ལས་མིའི་གྲངས་འབོར་ཤུགས་ཆེ་ཇེ་ཉུང་དུ་ཕྱིན་ཡོད་པའི་སྐོར་འདིར་གསལ།

རྒྱ་ནག་གིས་ཨ་རིའི་སྲིད་འཛིན་འོས་མི་གཉིས་ལས་སུ་ལ་མོས་པ་ཆེ་བ་ཡོད་དམ། - སྤྱི་ཟླ་གསུམ་པ། ༡༧, ༢༠༢༤

March 17, 2024 15:59 - 12 minutes - 11.7 MB

རྒྱ་ནག་ལ་ཨ་མི་རི་ཀའི་སྲིད་འཛིན་འོས་མི་གཉིས་ཏེ། ལས་ཐོག་སྲིད་འཛིན་བྷ་ཌན་དང་སྲིད་འཛིན་ཟུར་པ་ཊམ་གཉིས་ལས་སུ་ལ་མོས་པ་ཆེ་བ་བྱེད་ཀྱི་ཡོད་མེད་སྐོར་བློ་བཟང་ཡེ་ཤེས་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

༢༠༢༤ ལོའི་ཕྱི་ཟླ་༢ པ་དེ་འདས་པའི་ལོ་མང་ནང་གི་ཚ་ཚད་མཐོ་ཤོས་སུ་གྱུར། - སྤྱི་ཟླ་གསུམ་པ། ༡༧, ༢༠༢༤

March 17, 2024 15:09 - 11 minutes - 10.3 MB

༢༠༢༤ ལོའི་ཕྱི་ཟླ་༢ པ་དེ་ནི་། དེ་སྔ་ ༡༩༩༡ ནས་ ༢༠༢༠ བར་གྱི་ཕྱི་ཟླ་གཉིས་པ་ཚང་མ་ཆ་སྙོམས་བྱས་པའི་ཚ་ཚད་ལས་མཐོ་བ་བྱུང་ཡོད་པ་དེས། ལོ་འདིར་ཚ་བ་ཆེ་ཙམ་ཡོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར་འདིར་གསལ།