ཨ་རིའི་རླུང་འཕྲིན་ཁང་། artwork

ཨ་རིའི་རླུང་འཕྲིན་ཁང་།

3,755 episodes - Tibetan - Latest episode: 10 days ago -

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

News
Homepage Apple Podcasts Google Podcasts Overcast Castro Pocket Casts RSS feed

Episodes

ཐེ་ཝན་ནང་ས་ཡོམ་གྱི་གོད་ཆགས་ཕོག་པའི་མང་ཚོགས་ཚོ་གུར་ནང་གནས་སྡོད་བྱེད་བཞིན་པ། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 04, 2024 16:49 - 3 minutes - 3.44 MB

ཐེ་ཝན་ལ་གཟའ་ལྷག་པའི་ཉིན་བརྒྱབ་པའི་ས་ཡོམ་ནང་མི་དགུ་ལ་སྲོག་སྐྱོན་དང་མི་སྟོང་ཕྲག་ལྷག་ལ་རྨས་སྐྱོན་ཕོག་པ། དེ་བཞིན་སྡོད་ཁྱིམ་རྩ་གཏོར་ཕྱིན་པ་ཚོར་སྡོད་གུར་ནང་ཉེན་གཡོལ་དུ་གནས་སྡོད་བྱེད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་ཡོད།

ལོ་ངོ་༢༢༡གི་རྗེས་ལ་འབུ་གཤོག་པ་ཅན་ཁྲག་ཁྲིག་ཆེ་མོ་ལྷག་ཙམ་ས་སྟེང་ལ་འདོན་རྒྱུ།། - སྤྱི་ཟླ་བཞི་པ། ༠༥, ༢༠༢༤

April 04, 2024 16:44 - 5 minutes - 4.77 MB

༄༅།། །།ཨ་རིའི་ས་ཐོག་ཏུ་འདས་པའི་མི་ལོ་༡༣ནས་༡༧རིང་ལ་ས་འོག་ལ་བག་ལ་ཉལ་མཁན་གྱི་འབུ་གཤོག་པ་ཅན་མིང་ལ་སྭི་ཁེ་ཌ་སྭེ་ཟེར་བ་ཁྲག་ཁྲིག་ཆེ་མོ་ལྷག་གིས་ས་སྟེང་ལ་འདོན་གྲབས་ཡོད་པ་ནི་མི་ལོ་བརྒྱ་ཕྲག་གཉིས་ལྷག་གི་རྗེས་སུ་དེ་རིགས་ཀྱི་བྱུང་བ་དང་པོ་ཡིན་པ་སོཊ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༤, ༢༠༢༤

April 04, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༤, ༢༠༢༤

April 04, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

བྱང་ཀོ་རི་ཡས་སྒྲ་ལས་མྱུར་ཚད་ལྔས་མགྱོགས་པས་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱས་པ། - སྤྱི་ཟླ་བཞི་པ། ༠༤, ༢༠༢༤

April 03, 2024 19:41 - 2 minutes - 2.77 MB

བྱང་ཀོ་རི་ཡས་རེས་གཟའ་མིག་དམར་ཉིན་སྒྲ་ལས་མྱུར་ཚད་ལྔ་ལས་མང་བས་མགྱོགས་ཚད་ཀྱི་འབར་ཉེན་ཅན་གྱི་རྩེ་རྡོགས་འཁྱེར་བས་རྒྱང་འཕེན་འབྲིང་བས་མེ་ཤུགས་འཕུར་མདའ་ལམ་ལྷོང་ལྡན་པའི་ཚོད་བལྟའི་འཕེན་གཏོང་བྱས་ཡོད་པའི་གནས་ཚུལ་ཞིག་ནམ་མཁའ་བསྟན་འཛིན་གྱི་སྙན་སྒྲོན་ཞུ་ཡི་རེད།

ཐེ་ཝན་ནང་ཚབས་ཚེའི་ས་ཡོབ་བརྒྱབས་པ། - སྤྱི་ཟླ་བཞི་པ། ༠༤, ༢༠༢༤

April 03, 2024 19:24 - 4 minutes - 4.36 MB

༄༅། །ཐེ་ཝན་ནང་མི་ལོ་༢༥་རྩམ་རིང་བྱུང་མྱོང་མེད་པའི་ཚབས་ཆེའི་ས་ཡོམ་བརྒྱབས་སྟེ་མི་དགུ་ཙམ་ལ་སྲོག་སྐྱོན་དང་གཞན་ལྔ་བཅུ་རྩམ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐེ་ཝན་ནང་ཚབས་ཆེའི་ས་ཡོམ་བརྒྱབ་པ། - སྤྱི་ཟླ་བཞི་པ། ༠༤, ༢༠༢༤

April 03, 2024 19:24 - 4 minutes - 4.36 MB

༄༅། །ཐེ་ཝན་ནང་མི་ལོ་༢༥་ཙམ་རིང་བྱུང་མྱོང་མེད་པའི་ཚབས་ཆེའི་ས་ཡོམ་བརྒྱབ་སྟེ་མི་དགུ་ལ་སྲོག་སྐྱོན་དང་གཞན་ལྔ་བཅུ་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

སེར་སྨད་དགེ་སློང་བློ་བཟང་ཡོན་ཏན་ལགས་ཉིན་དགུ་ཐུགས་དམ་ལ་བཞུགས་པ། - སྤྱི་ཟླ་བཞི་པ། ༠༤, ༢༠༢༤

April 03, 2024 19:00 - 6 minutes - 5.75 MB

དགུང་ལོ་༩༢ལ་ཕེབས་པའི་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གནས་བརྟན་བགྲེས་སོང་བློ་བཟང་ཡོན་ཏན་ལགས་དགོངས་པ་རྫོགས་ཏེ་ཉིན་གྲངས་ དགུ་ཐུགས་དམ་ལ་བཞུགས་པའི་སྐོར་རྒྱ་གར་ལྷོ་ཕྱོགས་ནས་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་དང་རྒུན་ཆང་གི་ཚོང་འབྲེལ། - སྤྱི་ཟླ་བཞི་པ། ༠༤, ༢༠༢༤

April 03, 2024 17:18 - 14 minutes - 13.9 MB

ཨོ་གླིང་གི་རྒུན་ཆང་མངར་མོ་ལ་རྒྱ་ནག་གིས་སྒོ་ཁྲལ་ལྗིད་མོ་འགེལ་རྒྱུ་མཚམས་འཇོག་བྱས་ནས་རྒྱ་ནག་དང་ཨོ་སི་ཀྲོ་ལི་ཡ་གཉིས་ཀྱི་འབྲེལ་ལམ་ཇེ་བཟང་དུ་འགྱུར་བཞིན་ཡོད། དེ་རིང་གི་རྩོམ་སྒྲིག་པའི་གཏམ་ཚོགས་ནང་རྒྱལ་ཁབ་འདི་གཉིས་བར་གྱི་འབྲེལ་ལམ་གྱི་འགྱུར་བ་དང་། དོ་སྣང་བྱེད་ས་གཙོ་བོ་ག་རེ་ཆགས་བཞིན་པའི་ཐད་གླེང་སློང་བྱས་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 03, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

རྒྱ་ནག་གི་དཔལ་འབྱོར་མདུན་ལམ་ཐད་ལྟ་ཚུལ་གཉིས། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 03, 2024 08:18 - 19 minutes - 18 MB

འདས་པའི་ལོ་མང་རིང་རྒྱ་ནག་གི་དཔལ་འབྱོར་མྱུར་སྟོབས་ཀྱིས་འཕེལ་རྒྱས་སོང་། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམས་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་ཅིང་། དེ་ནི་ཡུན་རིང་གི་དཀའ་ངལ་ཞིག་ཡིན་ནམ། ཡང་ན་གནས་སྐབས་ཀྱི་དཀའ་ངལ་ཞིག་ཡིན་མིན་ཐད་ལྟ་ཚུལ་མ་འདྲ་བ་གཉིས་ཡོད་པ་རེད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 03, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྦུད་ཇར་ཨུ་རུ་སུའི་བཙན་འཛུལ་མཇུག་སྒྲིལ་ནས་ལོ་གཉིས་ཕྱིན་པའི་དུས་དྲན། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 02, 2024 23:04 - 5 minutes - 5.3 MB

ཡུཀ་རེན་གྱི་གྲོང་ཁྱེར་སྦུད་ཇ་རུ་ཨུ་རུ་སུའི་གདུག་རྩུབ་དང་བཙན་བཟུང་མཇུག་སྒྲིལ་ནས་ལོ་གཉིས་ཕྱིན་པའི་དུས་དྲན་སྐབས་སུ་གཏོར་བཤིག་ཚོ་ལ་ཞིག་གསོ་འབྱུང་ཞིང་གྲོང་ཁྱེར་དེ་ཕྱི་ནས་གཟིགས་ན་གསོ་བཞིན་པ་སྣང་ནའང་ཡུལ་མིའི་སེམས་ནང་གི་སེམས་སྡུག་ད་དུང་གསོ་མེད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་ཕྱོགས་བསྡུ་ཞུས།

རྒྱ་ནག་གིས་ས་མཚམས་ཀྱི་ས་ཆ་སུམ་ཅུར་མིང་བསྒྱུར་ལ་རྒྱ་གར་གྱིས་ངོས་ལེན་བྱས་མི་འདུག - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 02, 2024 22:51 - 4 minutes - 4.03 MB

༄༅། །རྒྱ་ནག་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་སུམ་ཅུར་རྒྱ་གཞུང་གི་འདོད་མོས་ལྟར་མིང་བསྒྱུར་བྱས་པ་དེར་རྒྱ་གར་གྱིས་རྒྱལ་རབས་ལོ་རྒྱུས་ལ་འཁྱོག་བཤད་རྒྱག་གི་ཡོད་ལུགས་དང་བཅས་ངོས་ལེན་མེད་ཅེས་ལན་འདེབས་བྱས་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

བྷཡེ་ཊན་དང་ཞི་གཉིས་ཀྱིས་གནད་དོན་འདྲ་མིན་ཐད་ལ་བཀའ་མོལ་གནང་བ། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 02, 2024 22:43 - 5 minutes - 5.44 MB

༄༅། ཨ་རིའི་སྲིད་འཛིན་ཇོ་བྷཡེ་ཊན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཇི་ཕིང་གཉིས་ཀྱིས་ཞལ་པར་ཐོག་ནས་ཆུ་ཚོད་གཉིས་ལྷག་བཀའ་མོལ་གནང་སྐབས་ཐེ་ལྦན་དང་། མི་བཟོས་རིག་རྩལ། བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སོགས་ཀྱི་ཐད་ལ་གོ་སྡུར་གནང་ཡོད་པའི་སྐོར་རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།

སུད་སི་ནང་ཉིན་གསུམ་གྱི་ཡོ་རོབ་བོད་རིགས་གཞོན་ནུའི་ཚོགས་ཆེན་ཐེངས་ ༥༥ དེ་མཇུག་སྒྲིལ་བ། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 02, 2024 22:37 - 4 minutes - 3.92 MB

སུད་སི་ནང་ལྷན་ཚོགས་གནང་བའི་ཡོ་རོབ་བོད་རིགས་གཞོན་ནུའི་ཚོགས་ཆེན་ཐེངས་༥༥དེ་ཕྱི་ཟླ་༤་པའི་ཚེས་༡་ཉིན་ཚོགས་གཙོ་གསར་པ་འོས་འདེམས་བརྒྱུད་མཇུག་སྒྲིལ་བྱུང་ཡོད་པའི་སྐོར་རབ་སྒང་ཤེས་རབ་རྒྱ་མཚོ་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་སྙན་སྒྲོན་གནང་གི་རེད།

ཐེ་ཝན་ལ་ཚོགས་པ་ཞིག་གིས་གསར་འགྱུར་རྫུན་མ་ལ་འཐབ་རྩོད་བྱེད་བཞིན་ཡོད་པ། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 02, 2024 16:59 - 3 minutes - 2.95 MB

ཐེ་ཝན་དུ་རྒན་པ་རྣམས་གཙོས་པའི་མི་མང་པོར་བརྡ་འཕྲིན་རྫུན་མའི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། དཀའ་ངལ་དེ་སེལ་ཆེད་རང་འདུན་པའི་ཚོགས་པ་ཞིག་གིས་བརྡ་འཕྲིན་རྫུན་མའི་ཤུགས་རྐྱེན་འགོག་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།

ཚོང་བདག་གི་མིང་ཆད་ལ་བརྟེན་ནས་ཀྲེསེ་ལཱ་གློག་གི་མོ་ཀྲ་ཉོ་རྩིས་མེད་པ། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 02, 2024 16:56 - 4 minutes - 4.11 MB

༄༅། གློག་ཤུགས་མོ་ཀྲ་ཀྲེསེ་ལཱ་ཡི་ཚོང་བདག་ཨེ་ལན་མ་སེཀ་ཡིས་ཐལ་ཆ་ཆེ་བའི་གཏམ་བཤད་བྱས་པ་སོགས་ལ་བརྟེན་ནས་མིང་ཆད་ངན་པ་བྱུང་བཞིན་པ་དེ་ཡིས་ཁོང་གི་ཚོང་སྡེའི་གློག་ཤུགས་མོ་ཀྲ་ཉོ་རྒྱུར་ཐེ་ཚོམ་བྱེད་མཁན་མང་དུ་སོང་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་གནང་གི་རེད།

ཨི་སི་རལ་གྱིས་གྷ་ཛའི་ནང་མཁའ་ཐོག་ནས་རྒོལ་རྡུང་བཏང་པ། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 02, 2024 16:31 - 4 minutes - 4.13 MB

༄༅།། ཨི་སི་རལ་གྱིས་གྷ་ཛའི་ནང་མཁའ་ཐོག་ནས་རྒོལ་རྡུང་བཏང་སྟེ་པ་ལི་སི་ཏན་ནན་ལ་རོགས་རམ་བྱེད་མཁན་མི་བདུན་ཙམ་ཞིག་བསད་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

སི་ནི་གྷལ་གྱི་མང་གཙོའི་བརྒྱུད་རིམ་ནི་སེམས་འགུལ་ཐེབས་རྒྱུའི་གནད་དོན་ཞིག་ཆགས་ཡོད་པ། - སྤྱི་ཟླ་བཞི་པ། ༠༣, ༢༠༢༤

April 02, 2024 16:01 - 3 minutes - 3.72 MB

༄༅། ནུབ་ཨཕྷི་རི་ཀའི་རྒྱལ་ཁབ་སི་ནི་གྷལ་གྱི་མང་གཙོའི་བརྒྱུད་རིམ་དེ་བཞིན་གཞན་ལ་སེམས་འགུལ་ཐེབས་རྒྱུའི་གནད་དོན་ཞིག་ཆགས་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 02, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 02, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨི་སི་རལ་གྱིས་དམག་མི་གྷ་ཛའི་སྨན་ཁང་གཙོ་ཆེ་ནས་ཕྱིར་འཐེན། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 01, 2024 22:32 - 5 minutes - 4.72 MB

༄༅། །ཨི་སི་རལ་གྱི་དམག་དཔུང་གིས་གྷ་ཛའི་སྨན་ཁང་ཆེ་ཤོས་ཡོད་སར་དཔུང་འཇུག་བྱས་ནས་བདུན་ཕྲག་གཉིས་ཙམ་ཕྱིན་པའི་རྗེས་སུ་དམག་མི་རྣམས་ཕྱིར་འཐེན་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

པ་ལི་སི་ཐཱན་གྱི་འཛིན་སྐྱོང་གཞུང་གསར་པར་མི་དམངས་ནས་དོགས་པ་བྱེད་ཀྱི་ཡོད་པ། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 01, 2024 22:23 - 3 minutes - 3.14 MB

པ་ལི་སི་ཐཱན་གྱི་འཛིན་སྐྱོང་གཞུང་གསར་བའི་མི་སྣ་དག་གིས་ལས་འཁུར་དམ་འབུལ་ཞུས་ཡོད་ནའང་མ་འོངས་བར་འཛིན་སྐྱོང་ཐད་ཀྱི་ལས་དོན་ཅི་ལྟ་བུ་ཞིག་ཆགས་མིན་ལ་མི་དམངས་ནས་དོགས་པ་བྱེད་ཀྱི་ཡོད་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཞི་ཕེ་རན་སེ་ལ་མ་སྐྱོད་གོང་ཡུག་རེན་དང་ཚོང་འབྲེལ་གྱི་གནད་དོན་ཐད་གླིང་དགོས་པ་ཕེ་རན་སེ་ཡིས་གསུངས་ཡོད། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 01, 2024 22:09 - 5 minutes - 4.78 MB

རྒྱ་ནག་ནས་ཡུག་རེན་གྱི་གནད་དོན་ཐད་ཨུ་རུ་སུ་དང་མཉམ་དུ་གྲོས་གླེང་བྱེད་དགོས་པ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་ཕེ་རན་སེ་ལ་འཚམས་དྲིར་མ་སྐྱོད་གོང་ཕེ་རན་སེ་ཡི་ཕྱི་འབྲེལ་མི་སྣས་གསུངས་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཚོས་བུད་མེད་ཀྱི་འོས་ཤོག་ཐོབ་ཐབས་བྱེད་ཀྱི་ཡོད་པ། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 01, 2024 22:03 - 5 minutes - 4.72 MB

༄༅། །རིང་མིན་རྒྱ་གར་ནང་ཕྱི་ཟླ་༤པའི་ཚེས་༡༩ནས་འགོ་འཛུགས་ཀྱིས་རྒྱལ་ཡོངས་འོས་བསྡུ་ཆེན་མོ་བྱེད་འཆར་ཡོད་པའི་སྐབས་འདིར་ཆབ་སྲིད་ཚོགས་པ་ཁག་གིས་བུད་མེད་འོས་འཕེན་པ་རྣམས་རང་གི་ཕྱོགས་སུ་འགུགས་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ཏུར་ཀི་ནང་ཕྱོགས་འགལ་བར་རྒྱལ་ཁ་ཐོབ་སྟེ་སྲིད་འཛིན་གྱི་ཚོགས་པར་ཕམ་ཉེས། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 01, 2024 21:57 - 4 minutes - 3.92 MB

༄༅། །ཏུར་ཀི་ཡུལ་གྱི་ས་གནས་འགོ་ཁྲིད་ཁག་གི་འོས་བསྡུའི་ནང་ཕྱོགས་འགལ་ཚོགས་པར་རྒྱལ་ཁ་ཤུགས་ཆེ་ཐོབ་པ་དེ་ཡིས་ལས་ཐོག་སྲིད་འཛིན་ཨེ་ཌོ་གྷན་གྱི་ཚོགས་པར་དགའ་མོས་དེ་ཙམ་མེད་པ་གསལ་སྟོན་བྱུང་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

རྒྱ་ནག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ཁང་དག་གིས་རྒྱལ་ཁབ་ཀྱི་གསང་བ་རྐུ་ཁྱེར་བྱེད་བཞིན་འདུག་ཅེས་ཉེན་བརྡ་བཏང་འདུག - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 01, 2024 20:05 - 4 minutes - 3.94 MB

པེ་ཅིང་གཞུང་གིས་རྒྱ་ནག་ཏུ་གནས་སྡོད་ཕྱི་རྒྱལ་གྱི་བློ་འདོན་བཟོ་ཚོང་ཁང་དག་གིས་རྒྱལ་ཁབ་ཀྱི་གསང་བ་དང་ཚོང་ལས་ཀྱི་གནས་ཚུལ་བསྡུ་རུབ་བྱེད་ཐབས་བྱས་ནས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

བོད་སོག་མཁས་པའི་བགྲོ་གླེང་། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 01, 2024 18:23 - 6 minutes - 5.63 MB

ཏེ་ལོ་རིན་པོ་ཆེའི་ཆོས་ཚོགས་དང་རུ་སོག་དོན་གཅོད་ལས་ཁུངས་ཀྱིས་གཙོ་འགན་བཞེས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གསུམ་ཟུང་འབྲེལ་གྱི་ཐོག་ནས་༼བོད་སོག་འབྲེལ་ལམ་༽ ཞེས། ཉིན་གྲངས་གཉིས་རིང་གི་བགྲོ་གླེང་ཚོགས་འདུ་ཞིག་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་སོང་།

དཔལ་འབྱོར་ཆེད་དུ་ཆོས་ཕྱོགས་ཀྱི་ལྟ་བ་ཤུགས་ཆེན་འཛིན་མཁན་ཚོ་དམག་མིར་ཞུགས་དགོས་པ། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 01, 2024 18:07 - 3 minutes - 3.36 MB

༄༅།། ཨི་སི་རལ་གྱི་དབུས་དངུལ་ཁང་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་རོགས་རམ་ཡོང་ཆེད་ཆོས་ཕྱོགས་ཀྱི་ལྟ་བ་ཤུགས་ཆེ་འཛིན་མཁན་Orthodoxཇེའུ་སྐྱེས་པ་ཚོས་དམག་མིའི་ནང་མཉམ་ཞུགས་དགོས་ལུགས་བརྗོད་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

བདེ་སྐྱིད་ཀྱི་ས་བོན་གྱི་ལེ་ཚན། ས་སྐྱ་ལེགས་བཤད། - སྤྱི་ཟླ་བཞི་པ། ༠༢, ༢༠༢༤

April 01, 2024 17:57 - 15 minutes - 14.4 MB

ས་སྐྱ་པཎ་ཌི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གི་སྐུ་ཚེ་རྣམ་དར་སྙིང་བསྡུས་ཤིག་དང་ ཁོང་གིས་མཛད་པའི་བསྟན་ཆོས་ས་སྐྱ་ལེགས་བཤད་ནང་གི་རབ་བྱེད་དང་པོའི་བསླབ་བྱའི་ཁོངས་ནས་ཚིག་བཅད་ཅིག་གི་སྐོར་ལ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྒན་མིང་ཆུང་ལགས་ཀྱིས་འགྲེལ་བཤད་གནང་བ་ཞིག་གསན་གྱི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༡, ༢༠༢༤

April 01, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༠༡, ༢༠༢༤

April 01, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད།  དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

རྒྱ་ནག་ལ་ཕི་ལི་སྤིང་གིས་སྲུང་སྐྱོབ་ཐད་ཤུགས་གནོན་ཆེ་རུ་རྒྱབ་རྒྱུ། - སྤྱི་ཟླ་བཞི་པ། ༠༡, ༢༠༢༤

March 31, 2024 22:39 - 4 minutes - 4.36 MB

ལྷོ་རྒྱ་ནག་རྒྱ་མཚོའི་ནང་རྒྱ་ནག་གིས་རང་ཉིད་ཀྱི་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དེར་ཕི་ལི་སྤིང་གིས་ཀྱང་རང་ཉིད་ལ་བདག་དབང་ཡོད་པའི་མཚོ་གླིང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འཆར་ལ་སྲིད་འཛིན་གྱིས་མཚན་རྟགས་བཀོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

རྒྱ་ནག་གིས་ས་མཚམས་ས་ཁུལ་ཏུ་གྲོང་ཚོ་གསར་རྒྱག་བྱས་པའི་ནང་བོད་བཙན་བཟུང་བྱས་ནས་མི་ལོ་༦༥འཁོར་བར་སྲུང་བརྩི་བྱས། - སྤྱི་ཟླ་བཞི་པ། ༠༡, ༢༠༢༤

March 31, 2024 21:48 - 3 minutes - 3.47 MB

༄༅། །རྒྱ་ནག་གིས་རྒྱ་གར་དང་འབྲུག་ཡུལ་བཅས་དང་ས་འབྲེལ་ས་མཚམས་ཐོག་གྲོང་གསེབ་གསར་རྒྱག་བྱས་པའི་ཁུལ་དུ་ད་ནས་མི་ལོ་༦༥སྔོན་ལ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་དོན་རྐྱེན་ལ་དགའ་སྟོན་གྱི་སྲུང་བརྩི་བྱས་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

རྒྱ་གར་ནང་འོས་བསྡུའི་དྲིལ་བསྒྲགས་སྤེལ་བའི་སྐབས་ཕྱོགས་འགལ་བ་ཚོས་ངོ་རྒོལ། - སྤྱི་ཟླ་བཞི་པ། ༠༡, ༢༠༢༤

March 31, 2024 21:27 - 4 minutes - 3.86 MB

རྒྱ་གར་ནང་ཕྱོགས་འགལ་ཚོགས་པ་དང་གཞུང་འཛིན་ཚོགས་པ་གཉིས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པའི་སྐབས་གཟའ་ཉི་མའི་ཉིན་ཕྱོགས་འགལ་ཚོགས་པས་སྲིད་བློན་མོ་དྷི་གཞུང་ལ་མང་གཙོའི་ལམ་ལུགས་མེད་པ་བཟོ་ཐབས་ཀྱི་སྐྱོན་བརྗོད་བྱས་པའི་སྐོར་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།

ནེའུ་ཡོག་ནང་གི་སོག་པོའི་སྲིད་བློན་ཟུར་པའི་བསྡོད་ཁང་བཟུང་ཐབས། - སྤྱི་ཟླ་བཞི་པ། ༠༡, ༢༠༢༤

March 31, 2024 21:20 - 4 minutes - 4.5 MB

༄༅། །ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ནེའུ་ཡོག་ནང་ཡོད་པའི་སོག་པོའི་སྲིད་བློན་ཟུར་པའི་བསྡོད་ཁང་ཁག་གཉིས་སྟངས་འཛིན་བྱེད་ཐབས་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

གྷཱ་ཛའི་ནང་མེ་འཕེན་མཚམས་འཇོག་བྱ་རྒྱུར་སླར་ཡང་གྲོས་མོལ་བྱེད་ཀྱི་ཡོད་པ། - སྤྱི་ཟླ་བཞི་པ། ༠༡, ༢༠༢༤

March 31, 2024 21:10 - 3 minutes - 3.47 MB

༄༅། །ཨིཛ་རཱ་ཡེལ་གྱིས་ཁ་ས་མཚན་མོ་གྷཱ་ཛའི་ཐོག་གཏོར་རྒོལ་བཏང་སྟེ་མི་༧༥རྐྱེན་ལམ་དུ་བཏང་ཡོད་པའི་སྐབས་དེར་གྷཱ་ཛའི་ནང་མེ་འཕེན་མཚམས་འཇོག་བྱ་རྒྱུར་ཨིཛ་རཱ་ཡེལ་དང་ཧ་མཱ་སི་ཡི་སྐུ་ཚབ་ཚོས་ཨི་ཇིབྚ་གྱི་རྒྱལ་ས་ཀཡེ་རོའི་ནང་སླར་ཡང་གྲོས་མོལ་འགོ་འཛུགས་བྱས་ཡོད་སྐོར་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༣༡, ༢༠༢༤

March 31, 2024 14:00 - 1 hour - 56.3 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

པ་ཀི་སི་ཐན་གྱི་ལྷོ་ནུབ་ཁུལ་དུ་རང་བྱུང་སོལ་རླངས་ལྟ་ཞིབ་བྱེད་མཁན་ལ་གཏོར་རྒོལ། - སྤྱི་ཟླ་གསུམ་པ། ༣༡, ༢༠༢༤

March 31, 2024 12:30 - 3 minutes - 3.38 MB

ཉེ་ལམ་པ་ཀི་སི་ཐན་གྱི་ལྷོ་ནུབ་མངའ་ཁུལ་བྷ་ལུ་ཅི་སི་ཐན་ཞེས་པར་དྲག་པོའི་ཟིང་ཆ་མང་དུ་ཕྱིན་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

རྒྱ་ནག་གིས་ཨ་རི་དང་ཉི་ཧོང་གཉིས་ཀྱི་བདེ་འཇགས་ཡར་རྒྱས་ཐད་དོ་སྣང་། - སྤྱི་ཟླ་གསུམ་པ། ༣༡, ༢༠༢༤

March 31, 2024 12:11 - 3 minutes - 3.42 MB

ཨ་རིའི་དང་ཉི་ཧོང་གཉིས་ཀྱིས་བསྐྱར་དུ་ཉི་ཧོང་དང་ཨ་རིའི་བཀོད་འདོམས་ཀྱི་དབང་ཆའི་འཆར་གཞི་གསལ་བསྒྲཊ་གནང་རྒྱུ་ཡིན་པ་དེས་ལོ་བཅུ་ཕྲག་རིང་རྒྱལ་ཁབ་གཉིས་ཀྱི་བདེ་འཇཊ་མནའ་འབྲེལ་དེ་ཤུགས་ཆེ་ཤོས་སུ་གོང་འཕེལ་ཕྱིན་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ནང་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

ཝེ་ཐི་ནམ་གྱིས་རྒྱ་ནག་གིས་བྱང་ཕྱོཊ་མཚོ་ཁུག་ཏུ་རྒྱ་སྐྱེད་བྱེད་པར་ངོ་རྒོལ། - སྤྱི་ཟླ་གསུམ་པ། ༣༡, ༢༠༢༤

March 31, 2024 02:53 - 3 minutes - 3.2 MB

ཝེ་ཐི་ནམ་གྱིས་རྒྱ་ནག་གིས་བྱང་ཕྱོགས་མཚོ་ཁུག་གི་མཚོ་རྒྱུད་ལ་བསྐྱར་དུ་དབྱེ་མཚམས་ཕྱེ་གི་ཡོད་པ་དེར། འདོད་མོས་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་པ་དང་། བྱང་ཕྱོགས་མཚོ་ཁུག་ནི་རྒྱ་ནག་གི་ཧའེ་ནན་གླིང་ཕྲན་དང་ཝེ་ཐི་ནམ་གྱིས་མཚོ་བྱང་གི་མཚོ་ལམ་ཞིག་ཡིན་པའི་སྐོར་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

གྷ་ཛའི་རོཊ་སྐྱོར་བགོ་འགྲེམས་སར་མེ་འཕེན་དང་རྡོག་རྫིས་ཀྱི་དོན་རྐྱེན་བྱུང་བ། - སྤྱི་ཟླ་གསུམ་པ། ༣༡, ༢༠༢༤

March 31, 2024 02:35 - 1 minute - 1.86 MB

གྷ་ཛའི་ནང་རོགས་སྐྱོར་དངོས་ཟོག་བགོ་འགྲེམས་བྱེད་སར་མེ་མདའ་བརྒྱབ་པའི་དོན་རྐྱེན་དང་མི་མང་འཚང་གས་རྡོག་རྫིས་ཀྱི་དོན་རྐྱེན་བྱུང་ནས་ཁྱོན་མི་༥ རྐྱེན་འདས་སུ་ཕྱིན་འདུག་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

བྷོལ་ཐི་མཱོར་གྱི་གྲུ་ཁ་སྒོ་བརྒྱབ་པ་དེས་སྐྱེལ་འདྲེན་ལ་འགོག་རྐྱེན་ཡོང་ཉེན་ཡོད་པ། - སྤྱི་ཟླ་གསུམ་པ། ༣༡, ༢༠༢༤

March 31, 2024 02:22 - 2 minutes - 2.8 MB

ཨ་མི་རི་ཀའི་བྷོལ་ཐི་མཱོར་གྱི་གྲུ་ཁ་སྒོ་བརྒྱབ་པ་དེས་འཛམ་གླིང་ནང་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་བྱེད་སྒོར་གནོད་སྐྱོན་དོ་ཕོག་འབྱུང་སྲིད་པ་སོཌ་ཀྱི་སྐོར་ལ་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༣༡, ༢༠༢༤

March 31, 2024 00:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

བགྲོ་གླེང་མདུན་ཀློག - སྤྱི་ཟླ་གསུམ་པ། ༣༠, ༢༠༢༤

March 30, 2024 14:54 - 27 minutes - 25.6 MB

ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་། འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་སྐབས་༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་སྤྱི་ཡོངས་ཐོག་ལ་མང་ཚོགས་ཀྱི་གཟིགས་ཚུལ་སྐོར་ལ་གླེང་མོལ་ཞུས་ཡོད།

Table Talk: General Opinion, TPiE Budget session. - སྤྱི་ཟླ་གསུམ་པ། ༣༠, ༢༠༢༤

March 30, 2024 14:54 - 27 minutes - 25.6 MB

ཐེངས་འདིའི་བགྲོ་གླེང་མདུན་ཅོག་གི་ལེ་ཚན་ནང་། འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་སྐབས་༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་སྤྱི་ཡོངས་ཐོག་ལ་མང་ཚོགས་ཀྱི་གཟིགས་ཚུལ་སྐོར་ལ་གླེང་མོལ་ཞུས་ཡོད།

ཨ་རིས་ཧོང་ཀོང་གི་དཔོན་རིཊ་ལ་ཐོངས་མཆན་བཀག་སྡོམ་ཐད་རྒྱ་ནག་གིས་སྐྱོན་བརྗོད། - སྤྱི་ཟླ་གསུམ་པ། ༣༠, ༢༠༢༤

March 30, 2024 14:18 - 3 minutes - 3.5 MB

རེས་གཟའ་སྤེན་པའི་ཉིན། ཨ་རིས་ཧོང་ཀོང་གི་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་ཐོངས་མཆན་བཀག་སྡོམ་བྱ་འཆར་ཡོད་པ་དེར་རྒྱ་ནག་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་པའི་སྐོར་བསྟན་འཛིན་ལྷུན་འགྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།

དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་གསུམ་པ། ༣༠, ༢༠༢༤

March 30, 2024 14:00 - 59 minutes - 56.2 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨ་རིས་བོད་པ་ཚོར་དཔལ་འབྱོར་གྱི་རྒྱབ་སྐྱོར་ཨ་སྒོར་ས་ཡ་༢༣ ཙམ་གནང་བ། - སྤྱི་ཟླ་གསུམ་པ། ༣༠, ༢༠༢༤

March 30, 2024 13:53 - 4 minutes - 4.67 MB

ཨ་རིའི་གཞུང་གི་ཕྱི་ལོ་༢༠༢༤ ཡི་སྔོན་རྩིས་ནང་ལ། ལོ་འདིའི་རིང་གཅིག་པུར་བོད་དང་བོད་མི་མང་ལ་ཨ་སྒོར་ས་ཡ་༢༣ ཙམ་གྱི་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།