ཨ་རིའི་རླུང་འཕྲིན་ཁང་། artwork

ཨ་རིའི་རླུང་འཕྲིན་ཁང་།

3,892 episodes - Tibetan - Latest episode: about 16 hours ago -

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

News
Homepage Apple Podcasts Google Podcasts Overcast Castro Pocket Casts RSS feed

Episodes

ཨ་རིར་ཡོང་མཁན་ཚང་མས་སྨན་ཁབ་བརྒྱབ་ཚར་དགོས་པ། - ཟླ་བ་བཅུ་གཅིག་པ། ༢༥, ༢༠༢༡

November 25, 2021 05:13 - 3 minutes - 728 KB

༄༅།། ཨ་རིའི་གཞུང་གིས་ཕྱི་ཟླ་༡་པོའི་ཚེས་༢༢་ཀྱི་གཞུག་ནས་ཨ་མི་རི་ཀར་ཡོང་མཁན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་འགྲུལ་པ་དང་དགོས་ངེས་ཀྱི་ལས་དོན་ཆེད་དུ་ཡོང་མཁན་ཚང་མས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཆ་ཚང་བརྒྱབ་ཚར་དགོས་ཞེས་སྒྲིག་ཁྲིམས་གཏན་འབེབས་བྱེད་ཀྱི་ཡོད་པའི་སྐོར།

བུད་མེད་ཀྱི་དྲྭ་གྲུག་མཐུན་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན། - ཟླ་བ་བཅུ་གཅིག་པ། ༢༥, ༢༠༢༡

November 25, 2021 04:57 - 4 minutes - 1.05 MB

ཨ་རིའི་གཞུང་ཚབ་ཟུར་པ་ཁུ་རཱིས་འཛམ་གླིང་གི་བུད་མེད་དྲྭ་གྲུག་མཐུན་ཚོགས་ཀྱིས་རྒྱ་ནག་གི་དྲྭ་གྲུག་རྩེད་འགྲན་པ་གྲགས་ཅན་ཕེང་ཧྲུའི་བདེ་དོན་འཇགས་ཐོག་ཏུ་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་བཟུང་བ་ནི་འགྲོ་བ་མིའི་ཐོབ་ཐང་ལ་དངོས་འབྲེལ་བརྩི་བཀུར་ཞུས་པ་དང་མངོན་པར་བསྟོད་འོས་པ་ཞིག་རེད་ཅེས་བསྔགས་བརྗོད་གནང་འདུག་པའི་སྐོར།

ཨུ་རུ་སུ་དང་རྒྱ་ནག་གི་དམག་དོན་མཉམ་འབྲེལ། - ཟླ་བ་བཅུ་གཅིག་པ། ༢༥, ༢༠༢༡

November 25, 2021 04:29 - 4 minutes - 1010 KB

༄༅།། ཨུ་རུ་སུ་དང་རྒྱ་ནག་གི་དམག་དོན་འབྲེལ་བ་དམ་ཟབ་ཏུ་གཏོང་རྒྱུ་དང་ཕྱོགས་གཉིས་ཀས་དམག་དོན་ཐོག་ཏུ་མཉམ་འབྲེལ་བྱ་རྒྱུའི་ལམ་སྟོན་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་འདུག་པའི་གནས་ཚུལ་དེ་དཀོན་མཆོག་དོན་གྲུབ་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་ཡི་རེད།།

སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༥, ༢༠༢༡

November 25, 2021 00:00 - 59 minutes - 14.1 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

རྒྱ་ནག་གིས་བུད་མེད་ཚོའི་ཐེར་འདོན་ལས་འགུལ་ལ་དྲག་གནོན། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 24, 2021 14:13 - 4 minutes - 1.04 MB

༄༅།། རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་བློན་གཞོན་པ་ཟུར་པའི་ཀྲང་གའོ་ལིས་ལོ་བཅུ་ཙམ་ལ་དྲྭ་གྲུག་རྩེད་འགྲན་པ་གྲགས་ཅན་ཕེང་ཧྲུའེ་ལ་བཙན་དབང་གིས་ལོག་གཡེམ་དང་གབ་མཐུན་བྱེད་དུ་བཅུག་པ་ཐེར་འདོན་བྱས་ནས་གར་སོང་ཆ་མེད་དུ་གྱུར་པ་ནི་ཕེང་ཧྲུའེ་གཅིག་པུ་མ་རེད།

དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 24, 2021 14:00 - 59 minutes - 14 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

བྷ་ཌན་༢༠༢༤་ལོར་བསྐྱར་དུ་འོས་འདེམས་ལ་ཞུགས་རྒྱུ། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 24, 2021 03:11 - 5 minutes - 1.28 MB

༄༅།། སྲིད་འཛིན་ཇཱོ་བྷ་ཌན་༢༠༢༤་ལོར་སླར་ཡང་ཨ་རིའི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱེད་འདོད་ཡོད་ཅེས་གསུངས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

གསར་འགོད་པ་རེ་སཱ་ཕྱི་རྒྱལ་ལ་བཙན་བྱོལ་དུ་འགྲོ་རྩིས་མེད་པ། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 24, 2021 03:03 - 4 minutes - 1.16 MB

༄༅། ཧྥི་ལི་ཕིན་གྱི་གསར་འགོད་པ་མིང་གྲགས་ཅན་ཏེ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རེ་སཱ་ཡིས་རང་ལ་ཧྥི་ལི་ཕིན་གྱི་གཞུང་གིས་ཉེས་འཛུགས་བྱས་ནས་ཁྲིམས་ལ་གཏུག་གི་ཡོད་པ་དེ་ལ་གཡོལ་ཐབས་སུ་ཕྱི་རྒྱལ་ལ་བཙན་བྱོལ་དུ་འགྲོ་རྩིས་མེད་ཅེས་གསལ་སྟོན་བྱས་ཡོད་པའི་སྐོར།

ཨ་རིའི་ཚོང་དོན་སྐུ་ཚབ་རྒྱ་གར་ལ་འཚམས་འདྲིར་ཕེབས་པ། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 24, 2021 02:53 - 4 minutes - 1.14 MB

༄༅།། ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཁེ་ཐེ་རེན་ཐེས་རྒྱ་གར་དང་ཨ་མི་རི་ཀའི་ཚོང་འབྲེལ་ཤུགས་ཆེ་རུ་གཏང་རྒྱུའི་ཆེད་དུ་རྒྱ་གར་ལ་ཉིན་གཉིས་ཀྱི་འཚམས་འདྲིར་ཕེབས་ཡོད་ཅིང་། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས་གཏོང་བའི་ཚོང་དོན་གྱི་གྲོས་མཐུན་གང་ཡང་བཞག་མེད་པ་སོགས་ཀྱི་སྐོར།

ཕེང་གི་གནད་དོན་ལ་གཞིགས་ནས་རྒྱ་ནག་གི་དམ་དྲག་ལ་དཔྱད་པ། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 24, 2021 02:44 - 5 minutes - 1.29 MB

༄༅།། ཉེ་དུས་རྒྱ་ནག་གི་དྲྭ་གྲུག་རྩེད་འགྲན་པ་གྲགས་ཅན་རྒྱ་མོ་ཕེང་ཧྲུའི་ཡིས་རང་ལ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཟུར་པ་ཞིག་གིས་ལོ་མང་རིང་བཙན་གཡེམ་དང་དབང་ཡོད་བྱས་བྱུང་ཞེས་རྩོམ་ཡིག་བྲིས་ནས་དྲྭ་ལམ་དུ་སྤེལ་བའི་གནས་ཚུལ་ཐོན་ནས་བཟུང་། \

རྒྱ་གཞུང་གིས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཞིག་ལ་ཉེས་ཆད་བཅད། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 24, 2021 02:35 - 4 minutes - 1.05 MB

རྒྱ་ནག་གཞུང་གིས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་སྐམ་ས་ཆེན་མོར་མ་རྩ་བཙུགས་ནས་ཚོང་ལས་གཉེར། ཁོ་ཚོས་ཐེ་ཝན་གྱི་གཞུང་འཛིན་ཚོགས་པར་དཔལ་འབྱོར་རོགས་རམ་སྤྲད་ནས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་ཉེས་ཆད་བཅད་པ་དང་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་ལ་གནོན་ཤུགས་སྤྲོད་རྒྱུ་མགོ་བརྩམས་ཡོད་པའི་གནས་ཚུལ་གནས་ཚུལ་

སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 24, 2021 00:00 - 59 minutes - 14.1 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཧོང་ཀོང་གི་རང་བཙན་དོན་གཉེར་བ་ཞིག་ལ་ཁྲིམས་ཆད། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 23, 2021 17:31 - 4 minutes - 1.11 MB

༄༅།། ཧོང་ཀོང་གི་རང་བཙན་དོན་གཉེར་བ་ཞིག་ལ་ལོ་༣་དང་ཟླ་བ་༧་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་གིས་ཕྱོགས་བསྒྲིགས་སྙན་སྒྲོན་ཞུ་ཡི་རེད།།

རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་དམག་སྒར་འཛུགས་ཐབས། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 23, 2021 17:09 - 5 minutes - 1.2 MB

རྒྱ་ནག་གིས་ཚོང་ལས་དང་དམག་གི་སྟོབས་ཤུགས་རྒྱ་སྐྱེད་བྱ་རྒྱུའི་ཆེད་དུ་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ཞིག་གཉེར་གྱི་ཡོད་ཅིང་། ལས་གཞི་དེའི་འོག་ཏུ་ཨ་རབ་ཀྱི་གྲོང་ཁྱེར་ཇཱི་བྷུ་ཊི་དང་ཀེམ་བྷོ་ཌི་ཡའི་གྲོང་ཁྱེར་རཱིམ། པ་ཀི་སི་ཐན་གྱི་གྲོང་ཁྱེར་གོ་དྷར་བཅས་ལ་དམག་སྒར་གསར་འཛུགས་དང་རྒྱ་སྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་པ་སོགས།

ཀསྨིར་གྱི་ལས་འགུལ་བ་གྲགས་ཅན་ཞིག་འཛིན་བཟུང་། - ཟླ་བ་བཅུ་གཅིག་པ། ༢༤, ༢༠༢༡

November 23, 2021 16:56 - 3 minutes - 772 KB

༄༅།། རྒྱ་གར་གྱི་རྒྱལ་ཡོངས་འཇིགས་སྐུལ་ཞིབ་གཅོད་ལས་ཁང་གིས་ཀསྨིར་གྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ཞིག་འཇིགས་སྐུལ་དྲག་སྤྱོད་པ་ཚོར་མ་དངུལ་གཏོང་ལེན་གྱི་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ནས་གཟའ་ཟླ་བའི་ཉིན་འཛིན་བཟུང་བྱས་འདུག་པའི་སྐོར།

ཕེང་ཧྲུའི་དང་པེ་ཅིང་གི་རྩེད་འགྲན་ཕྱིར་འཐེན་དགོས་པའི་ལས་འགུལ། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 23, 2021 15:45 - 5 minutes - 1.29 MB

རྒྱ་ནག་དམར་ཤོག་གི་སྲིད་བློན་གཞོན་པ་ཟུར་པ་ཀྲང་གའོ་ལིས་འཛམ་གླིང་ཡོངས་སུ་སྐད་གྲགས་ཡོད་པའི་རྒྱ་ནག་གི་དྲྭ་གྲུག་རྩེད་འགྲན་པ་ཕེང་ཧྲུའི་ལ་ལོ་བཅུའི་རིང་བཙན་དབང་ཆགས་སྤྱོད་དང་ལྐོག་ཏུ་གབ་མཐུན་བྱེད་དུ་བཅུག་པའི་གནས་ཚུལ་བྱུང་ཡོད་ཅིང་།

དགོང་དྲོའི་རླུང་འཕྲིན། ༢༠༢༡་ཟླ་༡༡་ཚེས་༢༣། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 23, 2021 14:00 - 59 minutes - 14 MB

རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་དམག་སྒར་འཛུགས་ཐབས། ཧོང་ཀོང་གི་རང་བཙན་དོན་གཉེར་བ་ཞིག་ལ་ཁྲིམས་ཆད། ཨ་རིའི་དམག་གྲུ་ཞིག་ཐེ་ཝན་མཚོ་འགག་ཏུ་སྐོར་སྐྱོད། རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་སུ་རྒྱ་ནག་གི་ལས་སྣེ་བསྐོ་རྒྱུར་ངོ་རྒོལ།

ཨ་རིའི་ཕྱི་འབྲེལ་མི་སྣ་ཚོ་པེ་ཅིང་གི་རྩེད་འགྲན་མཛད་སྒོར་ཞུཊ་རྒྱུ་ཡིན་མིན། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 23, 2021 06:06 - 9 minutes - 2.2 MB

༄༅།། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་ཁག་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་མ་བྱས་པར་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུའི་བསམ་ཞིབ་བྱེད་བཞིན་པ་དངོས་སུ་ལག་ལེན་བསྟར་ཚེ། ཐབས་ཇུས་དེར་ཕན་ནུས་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ཐད།

ཨ་རི་དང་ཡུ་རོབ་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་གདལ། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 23, 2021 04:04 - 5 minutes - 1.3 MB

ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་ཀྱི་ཡོད་ཅིང་། འཕྲོད་བསྟེན་ལས་སྣེ་ཚོས་ཨ་རི་དང་ཡུ་རོབ་ལ་ཁྱབ་ཀྱི་ཡོད་པའི་ནད་ཡམས་འདི་ཚབས་ཆེན་ཞིག་ལ་འགྱུར་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་སྟེ།

ཨ་རིའི་མཚོ་དམག་སྤྱི་ཁྱབ་ཀྱིས་རྒྱ་ནག་གི་ཉེན་ཁ་གླེང་སློང་། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 23, 2021 03:45 - 3 minutes - 844 KB

༄༅།། ད་ལོའི་ཧེ་ལི་ཧྥེཀ་སི་རྒྱལ་སྤྱིའི་གླེང་སྟེགས་ལྷན་ཚོགས་སུ་ཨ་རིའི་མཚོ་དམག་སྤྱི་ཁྱབ་བཀོད་འདོམས་པས་ཨ་མི་རི་ཀ་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་ད་ལྟ་ནས་བདེ་འཇགས་སྲུང་སྐྱོབ་ལ་གྲ་སྒྲིག་མ་བྱས་ཚེ། མ་འོངས་པར་རྒྱ་ནག་གིས་སྡིགས་སྐུལ་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་པའི་སྐོར།

རྣམ་རྒྱལ་མཆོག་གྲུབ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 23, 2021 00:29 - 11 minutes - 2.69 MB

བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་གསར་པར་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་བསྐོ་བཞག་གནང་ཡོད་ཅིང་། ཁོང་གི་ངོ་སྤྲོད་སྙིང་བསྡུས་ཤིག་དང་དོན་གཅོད་ལས་ཁུངས་དང་ཕྱག་ལས་མཇུག་སྐྱོང་ཅི་ཞིག་གནང་ འཆར་ཡོད་མེད།

སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 23, 2021 00:00 - 59 minutes - 14 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

རྒྱ་ནག་གིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་དབང་ཡོད་བྱ་རྒྱུ་མིན་སྐད། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 22, 2021 18:30 - 4 minutes - 980 KB

རྒྱ་ནག་གིས་མངའ་ཁུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དབང་ཡོད་དང་སྡིགས་སྐུལ་བྱ་རྒྱུ་མིན་ཞེས་ཁས་ལེན་བྱས་ཡོད་པའི་སྐོར། ནོར་བུ་བསམ་འཕེལ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།

རྒྱ་གར་གྱི་ཞིང་པ་ཚོས་ངོ་རྒོལ་རྒྱུན་འཁྱོངས་བྱ་རྒྱུ། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 22, 2021 18:07 - 4 minutes - 1.03 MB

སྔ་ལོ་རྒྱ་གར་གཞུང་གིས་ཞིང་ལས་ཐོན་སྐྱེད་ཉོ་ཚོང་གི་ཁྲིམས་གཞི་གསར་པ་གསུམ་གཏན་ལ་ཕབ་པར་ཞིང་པ་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་།

ཉི་ཧོང་གི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་མགྲོན་འབོད། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 22, 2021 17:13 - 4 minutes - 980 KB

༄༅།། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁོང་པེ་ཅིང་ལ་འཚམགས་འདྲིར་ཕེབས་དགོས་ཞེས་རྒྱ་ནག་གིས་མགྲོན་འབོད་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ལྟའི་ཆར་དེའི་ཐད་ཐག་ཆོད་གང་ཡང་བྱུང་མེད་ཅེས་གསལ་བསྒྲགས་སྤེལ་འདུག་པའི་སྐོར། རྒ

ཨེ་ནེ་སི་ཁན་ཊར་གྱིས་རྒྱ་ནག་གི་རྩེ་མོ་བ་གྲགས་ཅན་ཕེང་ཧྲུའི་ལ་རྒྱབ་སྐྱོར། - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 22, 2021 16:48 - 4 minutes - 1.16 MB

ཨ་རིའི་ལག་རྩེད་སྤོ་ལོ་རྩེད་འགྲན་པ་ཨེ་ནེ་སི་ཁན་ཊར་གྱིས་རྒྱ་ནག་གི་དྲྭ་གྲུག་རྩེ་མོ་བ་གྲགས་ཅན་ཕེང་ཧྲུའི་ལ་རྒྱབ་སྐྱོར་དང་ཕེང་ཧྲུའི་གང་དུ་ཡོད་མེད་རྒྱ་ནག་གཞུང་གིས་གསལ་བཤད་བྱ་དགོས་ཞེས་རྩོམ་ཡིག་བྲིས་ཡོད་པར་མ་ཟད།

བྷ་ཌན་གྱི་དམངས་གཙོའི་ལྷན་ཚོགས་ལ་སྲིད་བློ་མོ་དྷི་ཞུགས་རྒྱུའི་ཚོད་དཔག - ཟླ་བ་བཅུ་གཅིག་པ། ༢༣, ༢༠༢༡

November 22, 2021 16:14 - 4 minutes - 964 KB

༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཕྱི་ཟླ་༡༢་པའི་ཚེས་༩་ནས་༡༠་བར་དུ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་༡༠༠་ལྷག་གི་དབུ་ཁྲིད་ཁག་དྲྭ་ལམ་དུ་བསྡུས་ནས་ལྷན་ཚོགས་ཤིག་བསྐོང་འཆར་ཡོད་པ་དེར་རྒྱ་གར་གྱི་སྲིད་བློན་མོ་དྷི་མཉམ་ཞུགས་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་།

༧གོང་ས་མཆོག་གིས་ཨན་དྷ་ར་པར་དྷེ་ཤིར་ཆུ་ལོག་བྱུང་བར་ཐུགས་གསོ། - ཟླ་བ་བཅུ་གཅིག་པ། ༢༢, ༢༠༢༡

November 22, 2021 15:31 - 4 minutes - 1010 KB

༧གོང་ས་མཆོག་གིས་ཨན་དྷ་ར་པར་དྷེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཚན་ཐོག་ཏུ་གོད་ཆག་ཕོག་མཁན་མང་ཚོགས་དང་འདས་གྲོངས་སུ་གྱུར་པའི་ཤུལ་ལུས་བཟའ་མི་བཅས་ལ་ཐུགས་གསོའི་གསུང་འཕྲིན་དང་ཏཱ་ལའི་བླ་མ་ཐེབས་རྩ་ཁང་ནས་ངལ་སེལ་རོགས་དངུལ་ཞལ་འདེབས་གནང་ཡོད་པ་བཅས་ཀྱི་སྐོར།

དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༢, ༢༠༢༡

November 22, 2021 14:00 - 59 minutes - 14 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༢, ༢༠༢༡

November 22, 2021 00:00 - 59 minutes - 14 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད།  དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྦ་ཉག་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་དང་མཛད་རྗེས། - ཟླ་བ་བཅུ་གཅིག་པ། ༢༢, ༢༠༢༡

November 21, 2021 23:49 - 22 minutes - 5.26 MB

འབྲས་ལྗོངས་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་འགན་འཛིན་སྦ་ཉག་རིན་པོ་ཆེ་དགོངས་པ་རྫོགས་པར་༧གོང་ས་མཆོག་དང་དེ་མིན་བླ་ཆེན་གཞན་ཁག་གིས་རིན་པོ་ཆེའི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་ཡོད་པའི་སྐོར་འཇམ་དབྱངས་རྡོ་རྗེ་ལགས་དང་ལྷན་དུ་རིན་པོ་ཆེ་དམ་པའི་སྐུ་ཚེ་ལོ་རྒྱུས་དང་མཛད་རྗེས་གླེང་པ་ཞིག་གསན་རོགས་གནང་།

དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༡, ༢༠༢༡

November 21, 2021 14:00 - 59 minutes - 14.1 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༡, ༢༠༢༡

November 21, 2021 00:00 - 59 minutes - 14 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༠, ༢༠༢༡

November 20, 2021 14:00 - 59 minutes - 14.1 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨ་རིའི་གྲོས་ཚོགས་འཐུས་མིས་ཐེ་ཝན་ལ་རྒྱབ་སྐྱོར་གནང་འདུག - ཟླ་བ་བཅུ་གཅིག་པ། ༢༠, ༢༠༢༡

November 20, 2021 02:39 - 4 minutes - 1.05 MB

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇོན་ཁིར་ཐྲས་སི་ཡི་སྣེ་ཁྲིད་དེ་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཐེ་ཝན་མ་འོངས་པར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས་རུ་འཇུག་དགོས་པའི་ཐད་རྒྱབ་སྐྱོར་གནང་ཡོད་པའི་གནས་ཚུལ་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

ལི་ཐུ་ཨེ་ནི་ཡར་ཐེ་ཝན་གྱི་སྐུ་ཚབ་ལས་ཁུངས་བཙུགས་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་པ། - ཟླ་བ་བཅུ་གཅིག་པ། ༢༠, ༢༠༢༡

November 20, 2021 02:11 - 4 minutes - 964 KB

ཡོ་རོབ་རྒྱལ་ཁབ་ལི་ཐུ་ཨེ་ནི་ཡ་ཡི་རྒྱལ་སར་ཐེ་ཝན་གྱི་སྐུ་ཚབ་ལས་ཁུངས་བཙུགས་པར་བརྟེན་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་འཁོན་ལན་སློག་རྒྱུ་ཉེན་བརྡ་བཏང་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་ལམ་ནང་ཐོན་པའི་གནས་ཚུལ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུས་གནང་གི་རེད།

སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༢༠, ༢༠༢༡

November 20, 2021 00:00 - 59 minutes - 14 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཉི་ཧོང་ནང་ཕྱི་མི་ལས་ཀ་བྱེད་མཁན་སྔར་ལས་མང་བ་ཡོང་འཇུག་འཆར་ཡོད་པ། - ཟླ་བ་བཅུ་གཅིག་པ། ༢༠, ༢༠༢༡

November 19, 2021 20:51 - 2 minutes - 676 KB

ཉི་ཧོང་གི་ཡུལ་གྲུའི་ཤུགས་ལས་བྱེད་དགོས་པའི་ལས་རིགས་ཁག་ནང་ཕྱིའི་རྒྱལ་ཁབ་ཁག་ནས་ལས་མི་སྔར་ལས་མང་བ་ཡོང་འཇུག་འཆར་ཡོད་པའི་གནས་ཚུལ་ཐོན་པ་འདིའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

ཞིང་པ་ཚོས་ངོ་རྒོལ་ཡུན་རིང་བྱས་རྗེས་ཞིང་ཁའི་ཁྲིམས་རྩིས་མེད་གཏོང་རྒྱུ་གསལ་བསྒྲགས། - ཟླ་བ་བཅུ་གཅིག་པ། ༢༠, ༢༠༢༡

November 19, 2021 20:45 - 6 minutes - 1.47 MB

སྲིད་བློན་ན་རན་དར་མོ་དི་ཡིས་གཟའ་པ་སངས་ཉིན་ཁོང་གི་གཞུང་གིས་སོ་ནམ་ཞིང་ལས་ཚན་པ་བཅོས་བསྒྱུར་གཏོང་རྒྱུར་དམིགས་པའི་ཞིང་ཁའི་ཁྲིམས་རྣམས་རྩིས་མེད་གཏོང་རྒྱུ་གསལ་བསྒྲགས་གནང་ཡོད་པ་རེད། ལོ་ངོ་གཅིག་ཙམ་རིང་ཞིང་པ་ཚོས་ཁྲིམས་གསར་པར་ངོ་རྒོལ་བྱས་པའི་རྗེས་སུ་གཞུང་གིས་ཐག་གཅོད་གསར་པ་གནང་ཡོད་པའི་སྐོར་

དགོང་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༡

November 19, 2021 14:00 - 59 minutes - 14 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཨ་རིས་ཕྱི་འབྲེལ་རྣམ་པའི་ཐོག་ནས་པེ་ཅིང་གི་རྩེད་འགྲན་འགོག་རྒོལ་བྱ་རྩིས་ཡོད་པ། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༡

November 19, 2021 03:04 - 1 minute - 364 KB

༄༅། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བཞིན་པར་གཞིགས་ཏེ་ཨ་རིས་ཕྱི་ལོ༢༠༢༢ལོའི་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ལ་ཕྱི་འབྲེལ་དཔོན་རིགས་ཀྱིས་མཉམ་ཞུགས་གནང་རྒྱུ་མིན་པའི་ཐོག་ངོ་རྒོལ་བྱེད་ཕྱོགས་ཐད་བསམ་ཤེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པའི་སྐོར་

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ནས་ཨཕྷ་གྷ་ནིས་ཐན་ནང་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་གསུངས་འདུག - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༡

November 19, 2021 02:51 - 3 minutes - 860 KB

༄༅།། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨཕྷ་གྷ་ནིས་ཐན་གྱི་ཐོག་དམིགས་བསལ་སྐུ་ཚབ་པས་ ཡུལ་འདིའི་ནང་ཟ་བཅའ་སོགས་ཉེར་མཁོའི་མཐུན་རྐྱེན་སྐྱོ་བ་དང་དཔལ་འབྱོར་ཉམ་རྒུད། དེ་བཞིན་དགུན་ཁའི་ནམ་དུས་འཆར་ཉེ་ཡོད་པའི་རྐྱེན་གྱིས་མི་མང་ཚོར་འཚོ་བའི་གོད་ཆག་ཚབས་ཆེ་ཡོང་ཉེན་ཡོད་པ་མ་ཟད་

དོ་དམ་འོག་ཡོད་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཟུར་པའི་བཟའ་ཟླས་རྒྱ་ནག་གི་བྱ་སྤྱོད་ལ་ཡོངས་བསྒྲགས་ངང་སྐྱོན་བརྗོད་བྱས་པ། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༡

November 19, 2021 02:42 - 4 minutes - 1.11 MB

༄༅། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ལས་ཁང་Interpol ཡི་འགན་འཛིན་ལ་བསྐོ་བཞག་བྱས་པ་སྐུ་ཞབས་Meng Hongwei འཛིན་བཟུང་དོ་དམ་བྱས་ཏེ་གར་སོང་མེད་པ་གྱུར་བའི་གནས་ཚུལ་ཐོན་པའི་རྗེས་ད་ཆ་ཁོང་གི་བཟའ་ཟླས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་ཡོངས་བསྒྲགས་ངང་སྐྱོན་བརྗོད་བྱས་ཡོད་པ་འདིའི་སྐོར་

ཨ་རིས་ཤར་ཏུརྐི་སི་ཏན་གྱི་སྤྲིན་བལ་ཐོན་སྐྱེད་ཐད་དམ་བསྒྲགས་བྱས་ཡོད་པ། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༡

November 19, 2021 02:11 - 4 minutes - 964 KB

ཨ་རིས་ཤིན་ཅང་ནས་ཐོན་སྐྱེད་བྱས་པའི་སྲིང་བལ་གྱི་རིགས་ཉོ་རྒྱུ་མཚམས་འཇོག་བྱ་རྒྱུའི་འཆར་གཞི་བཟོ་བཞིན་པ་དང་། དེའི་ཐད་ཡོ་རོབ་མནའ་འབྲེལ་སོགས་གྲོས་མོལ་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཕུན་ཚོགས་ཚེ་རིང་ལགས་ནས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུས་གནང་གི་རེད།

བྷེ་ལ་རུ་སུར་ཕྱི་མི་ཡུལ་བྱོལ་བ་མང་པོ་འགག་ནས་དཀའ་ངལ་འཕྲད་བཞིན་པ། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༡

November 19, 2021 01:59 - 3 minutes - 888 KB

༄༅།། བྷེ་ལ་རུ་སུ་ཡུལ་གྱི་སྲིད་འཛིན་ཨེ་ལེག་ཛེན་ཌར་ལུ་ཀ་ཤེན་ཀོ་ཡིས་ཡོ་རོབ་ཀྱི་ནང་སྐྱབས་བཅོལ་བ་ཆེད་གཏོང་བྱེད་པའི་འཐབ་ཇུས་ཤིག་འཛིན་ཡོད་ཀྱང་ད་ཆ་ཡུལ་འདིའི་ནང་ཕྱི་མི་ཡུལ་བྱོལ་བ་སྟོང་ཕྲག་མང་པོ་ཞིག་ཡོ་རོབ་ལ་འགྲོ་མ་ཐུབ་པར་འགག་སྟེ་ཡུལ་འདིའི་ཐོག་ལྡོག་ཕྱོགས་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པའི་སྐོར་

རྒྱ་རིགས་ཊ་ནི་སི་རྩེད་མཁན་ཞིག་གར་སོང་ཆ་མེད་དུ་གྱུར་བར་བློ་འཚབ། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༡

November 19, 2021 01:27 - 4 minutes - 1.04 MB

༄༅། རྒྱ་ནག་གི་བུད་མེད་ཊི་ནི་སི་རྩེད་འགྲན་ལྷན་ཚོགས་ཀྱི་འགན་འཛིན་ཕང་ཤུ་ཝ་ཡིས་བཏང་བའི་གློག་འཕྲིན་ཡིན་ཁུལ་བྱས་པ་དེར་དོགས་གཞི་དང་འབྲེལ་ཁོང་གང་དུ་ཡོད་མེད་དང་ཁོང་གི་བདེ་འཇགས་ཐད་ཧ་ཅང་བློ་འཚབ་ཆེན་པོ་བྱ་དགོས་པ་ཞིག་ཆགས་ཡོད་པ་བཅས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་

སྔ་དྲོའི་རླུང་འཕྲིན། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༡

November 19, 2021 00:00 - 59 minutes - 14 MB

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།

ཞི་ཅིང་ཕིང་གིས་སྲིད་ཇུས་འོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ལ་འཕྲུལ་ཆས་བེད་སྤྱོད་བྱས་ཏེ་སོ་ལྟ་བྱེད་ཤུགས་ཆེ་རུ་བཏང་པ། - ཟླ་བ་བཅུ་གཅིག་པ། ༡༩, ༢༠༢༡

November 18, 2021 17:47 - 5 minutes - 1.24 MB

ཞི་ཅིང་ཕིང་གིས་སྲིད་ཇུས་འོག་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་གཙོ་གནད་མི་སྣ་ཚོར་འཕྲུས་ཆས་བེད་སྤྱོད་བཏང་ནས་སོ་ལྟ་བྱེད་ཤུགས་ཆེ་རུང་བཏང་བཞིན་པ་བཀོད་ཡོད་པ་དང་འབྲེལ་ལྟེ་གནས་ཁང་གི་ཉམས་ཞིབ་པས་བོད་ནང་གི་ཆབ་སྲིད་བཙོན་ཟུར་ཚོའི་ཉིན་རེའི་འཚོ་བར་དེང་དུས་འཕྲུལ་ཆས་ཐོག་ནས་སྟངས་འཛིན་ནན་པོ་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་