བདུན་ཕྲག་སྔོམ་མའི་རེས་གཟའ་ལྷག་པའི་ཉིན་མོ་དང་བསྟུན་མ་ན་ལིའི་ཁུལ་གྱི་བོད་མི་གསུམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་དུ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་ཀྱིས་ཉིན་རེ་སྤྱི་ལེ་༣༠ ནས་༤༠ བར་གོམ་བགྲོད་གནང་བཞིན་པ་དང་། གོམ་བགྲོད་ཁྲོད་ཀྱི་དགུང་ལོ་ ༦༥ སོན་པའི་པ་ཆུང་བདག་ལགས་ཀྱི་རྐང་པར་ཆུ་བར་ཐོན་པའི་རྐྱེན་གྱིས་གནས་སྐབས་སུ་གོམ་བགྲོད་ལ་ཞུགས་མ་ཐུབ་པར་སྨན་བཅོས་གནང་བཞིན་ཡོད་པ་རེད་འདུག འདི་གའི་གསར་འགོད་པས་ཁ་པར་གྱི་ལམ་ནས་པ་ཆུང་བདག་ལགས་སུ་དེར་འབྲེལ་གྱི་བཀའ་འདྲི་གནང་བར་ཁོང་གིས་ལྷམ་བདེ་མིན་གྱི་རྐྱེན་གྱིས་རྐང་བར་ཆུ་བུར་ཐོན་ནས་གནས་སྐབས་སུ་གོམ་བགྲོད་བྱེད་མ་ཐུབ་པར་སྨན་བཅོས་བྱེད་བཞིན་ཡོད་ནའང་། རྐང་པ་དྲག་སྐྱེད་བྱུང་མཚམས་སུ་མུ་མཐུད་དུ་སྔར་ལྟར་གོམས་བགྲོད་ལ་ཞུགས་རྒྱུ་ཡིན་སྐོར་གསུངས་སོང་།

བདུན་ཕྲག་སྔོམ་མའི་རེས་གཟའ་ལྷག་པའི་ཉིན་མོ་དང་བསྟུན་མ་ན་ལིའི་ཁུལ་གྱི་བོད་མི་གསུམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་དུ་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་ཞིག་དབུ་འཛུགས་ཀྱིས་ཉིན་རེ་སྤྱི་ལེ་༣༠ ནས་༤༠ བར་གོམ་བགྲོད་གནང་བཞིན་པ་དང་། གོམ་བགྲོད་ཁྲོད་ཀྱི་དགུང་ལོ་ ༦༥ སོན་པའི་པ་ཆུང་བདག་ལགས་ཀྱི་རྐང་པར་ཆུ་བར་ཐོན་པའི་རྐྱེན་གྱིས་གནས་སྐབས་སུ་གོམ་བགྲོད་ལ་ཞུགས་མ་ཐུབ་པར་སྨན་བཅོས་གནང་བཞིན་ཡོད་པ་རེད་འདུག འདི་གའི་གསར་འགོད་པས་ཁ་པར་གྱི་ལམ་ནས་པ་ཆུང་བདག་ལགས་སུ་དེར་འབྲེལ་གྱི་བཀའ་འདྲི་ཞུས་པར་ཁོང་གིས་ལྷམ་བདེ་མིན་གྱི་རྐྱེན་གྱིས་རྐང་བར་ཆུ་བུར་ཐོན་ནས་གནས་སྐབས་སུ་གོམ་བགྲོད་བྱེད་མ་ཐུབ་པར་སྨན་བཅོས་བྱེད་བཞིན་ཡོད་ནའང་། རྐང་པ་དྲག་སྐྱེད་བྱུང་མཚམས་སུ་མུ་མཐུད་དུ་སྔར་ལྟར་གོམས་བགྲོད་ལ་ཞུགས་རྒྱུ་ཡིན་སྐོར་གསུངས་སོང་།

གོམ་བགྲོད་པ་ཚེ་རིང་དོན་འགྲུབ་དང་ཚེ་རིང་དབང་འདུས་གཉིས་དེ་རིང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་ས་གནས་ Bilaspur དང་འབྱོར་ནས་མུ་མཐུད་དུ་གོམ་བགྲོད་གནང་བཞིན་ཡོད་པ་དང་། ཁོང་གཉིས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ལྟར་ན། དེ་རིང་སིམ་ལ་ཁུལ་ནས་བོད་མི་དྲུག་སླེབས་ཏེ་ཁོང་གཉིས་དང་ལྷན་དུ་སྔ་དྲོ་ཞིག་གི་རིང་ལ་གོམ་བགྲོལ་ལ་མཉམ་ཞུགས་གནང་ཡོད་འདུག


དེ་བཞིན་འདི་གའི་གསར་འགོད་པའི་ཁོང་གཉིས་ལ་ལམ་བར་ནས་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་མེད་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གཉིས་ཀྱིས། རྩ་བའི་བོད་མི་དང་རྒྱ་གར་བ་སོགས་ཀྱིས་ལམ་བར་ནས་རོགས་འདེགས་བྱེད་ཀྱི་ཡོད་ནའང་། དགོང་མོ་གུར་ཕུབས་ནས་ཉལ་དུས་རིམས་ནད་ཀྱི་རྐྱེན་གྱིས་རྒྱ་གར་གྱི་ཡུལ་མི་རྣམས་ཀྱིས་ཕྱི་ལོག་ནས་ཡོང་ཡོད་པར་དོགས་ཟོན་གྱིས་ཁང་ཁྱིམ་གྱི་འགྲམ་དུ་གུར་འབུབ་རྒྱུར་དཀའ་ངལ་ཏོག་ཙམ་ཡོང་གི་ཡོད་པར་ངོ་སྤྲོད་གནང་ཡོད།


གཞི་རྩའི་ཐེངས་འདིའི་ཁོང་ཅག་གི་གོམ་བགྲོད་བརྒྱུད་ས་གནས་ས་ཐོག་ཏུ་བོད་དོན་དྲིལ་བསྒྲགས་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་དུ་འཇུག་དགོས་པ་དང་། བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་གི་དགོངས་དོན་འོག་རྒྱ་ནག་གཞུང་ནས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལྷན་དུ་ཞི་བའི་གྲོས་མོལ་གནང་དགོས་པ། དེ་བཞིན་རྒྱ་གཞུང་བཙོན་འོག་ཏུ་ཡོད་པ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་པའི་འོག རྒྱལ་ས་ལྡི་ལི་བར་དུ་གོམ་བགྲོད་ཀྱིས་རྒྱ་ནག་གི་རྒྱལ་ས་ལྡི་ལིའི་ཁུལ་གྱི་རྒྱ་ནག་གི་གཞུང་ཚབ་ཀྱི་མདུན་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་རེད།


https://vot.org/wp-content/uploads/2020/09/Tendor-28.mp3

Download