དེ་རིང་གི་གསར་འགོད་གསར་བསྒྲགས་ཀྱི་ལས་རིམ་གྱི་ཐོག་ཏུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ཐེངས་འདིའི་དཔེ་འདི་ནི་བོད་དོན་གྱི་ཆེད་དུ་མི་ལོ་བཞི་བཅུ་ལྷག་ལ་ཕྱག་ལས་གནང་མྱོང་མཁན་གྱི་ཞིང་གཤེགས་དམ་པ་ངག་ཆོས་འཕེལ་ལགས་ཀྱིས་མི་ལོ་ཉེར་བཞི་ཙམ་གྱི་རིང་ལ་སྐུ་ངལ་འཛེམས་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་ཁག་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱུན་མཐུད་ནས་རྒྱ་ནག་གཞུང་ལ་འདྲི་རྩད་རིམ་པ་བྱས་པའི་ལོ་རྒྱུས་ཀྱི་གཞུང་ཡིག་ཁག་ཕྱོགས་སྒྲིག་དང་མཉམ་ཞིབ་བྱས་པ་ཞིག་ཆགས་སྟབས། བོད་ཡིག་གི་ལམ་ནས་ཞིབ་འཇུག་བྱེད་མཁན་རྣམས་ལ་ཕན་ཐོག་ཆེན་པོ་འབྱུང་རྒྱུའི་དཔེ་དེབ་གལ་ཆེན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་བའི་ཐོག   བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བཀྲས་ལྷུན་༸པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གཉིས་ཀྱིས་མཉམ་འབྲེལ་གྱི་ཐོག་ནས་བྲག་དམར་ངག་དབང་ཆོས་འཕེལ་ལགས་ཀྱིས་བརྩམས་གནང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་པཎ་ཆེན་རིན་པོ་ཆེ་བཙལ་བ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།དེ་རིང་གི་གསར་འགོད་གསར་བསྒྲགས་ཀྱི་ལས་རིམ་གྱི་ཐོག་ཏུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། ཐེངས་འདིའི་དཔེ་དེབ་འདི་ནི་བོད་དོན་གྱི་ཆེད་དུ་མི་ལོ་བཞི་བཅུ་ལྷག་ལ་ཕྱག་ལས་གནང་མྱོང་མཁན་གྱི་ཞིང་གཤེགས་དམ་པ་ངག་དབང་ཆོས་འཕེལ་ལགས་ཀྱིས་མི་ལོ་ཉེར་བཞི་ཙམ་གྱི་རིང་ལ་སྐུ་ངལ་འཛེམས་མེད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་ཁག་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱུན་མཐུད་ནས་རྒྱ་ནག་གཞུང་ལ་འདྲི་རྩད་རིམ་པ་བྱས་པའི་ལོ་རྒྱུས་ཀྱི་གཞུང་ཡིག་ཁག་ཕྱོགས་སྒྲིག་དང་མཉམ་ཞིབ་བྱས་པ་ཞིག་ཆགས་སྟབས། བོད་ཡིག་གི་ལམ་ནས་ཞིབ་འཇུག་བྱེད་མཁན་རྣམས་ལ་ཕན་ཐོག་ཆེན་པོ་འབྱུང་རྒྱུའི་དཔེ་དེབ་གལ་ཆེན་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་།དེ་བཞིན་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་སང་ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ནས་མི་ལོ་ ༧༢ འཁོར་བའི་དུས་དྲན་ལ་འཁེལ་གྱི་ཡོད་པར་ངོ་སྤྲོད་གནང་བ་དང་སྦྲགས་ནས། ཕྱི་ལོ་༡༩༨༨ ལོར་འབྲས་སྤུང་དགོན་པའི་གྲྭ་མང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་བའི་མ་ཡིག་པར་སྐྲུན་གྱིས་འགྲེམས་སྤེལ་བྱས་སྟབས་རྒྱ་ནག་གིས་བཙོན་འཇུག་བྱས་ཡོད་སྐོར་དྲན་གསོ་གནང་སྟེ། སང་ཉིན་ནས་བཟུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཟླ་གཅིག་གི་རིང་ལ་ཡོངས་གྲགས་མ་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་ལོ་རྒྱུས་ངོ་སྤྲོད་ཀྱི་བརྙན་ལམ་གྱི་ལས་རིམ་ཞིག་བདུན་ཕྲག་གཅིག་ཏུ་ནང་དུ་ཐེངས་རེར་སྤེལ་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་སོང་།


དེ་བཞིན་ཚེ་རིང་མཚོ་མོ་ལགས་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་རྒྱ་ནག་གིས་འཛིན་བཟུང་བྱས་མ་ཐག་ཚོགས་སྐྱིད་ཁག་གིས་གླེང་སློང་བྱེད་ཀྱི་ཡོད་ནའང་། དུས་ཡུན་གང་མཚམས་ཤིག་གི་རྗེས་ལ་ཚང་མས་ཁོང་རྣམས་བརྗེད་བཞིན་པ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་སྟབས། ཐེངས་འདིར་ལྟེ་གནས་ཁང་གིས་ཁོང་རྣམས་གང་མགྱོགས་གློད་བཀྲོལ་ཡོངས་ཐབས་སུ་རྒྱལ་སྤྱིའི་སྒང་ལ་དྲིལ་བསྒྲགས་བྱེད་རྒྱུ་ཡིན་སྐོར་ངོ་སྤྲོད་ཀྱིས། བོད་ཀྱི་འཐབ་རྩོད་ཀྱི་མ་རྐང་ལྟ་བུ་དེ་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཡིན་པར་གསུངས་སོང་། གཞི་རྩའི་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་པན་ཆེན་རིན་པོ་ཆེ་བཙལ་བ་ཞེས་པའི་དཔེ་དེབ་དེ་ནི་ཇི་ནི་ཝར་རྟེན་གཞི་བྱས་པའི་དོན་གཅོད་ཁང་དུ་ཕྱི་ལོ་ ༡༩༩༥ ལོ་ནས་༢༠༠༣ བར་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ཐུགས་འགན་བཞེས་བའི་ཞིང་གཤེགས་དམ་པ་བྲག་དམར་ངག་དབང་ཆོས་འཕེལ་ལགས་ཀྱིས་ཐོག་མར་དབྱིན་ཡིག་གི་ལམ་ནས་བྲིས་ཏེ་སྤྱི་ཚོགས་སུ་འགྲེམ་སྤེལ་བྱས་ཡོད་པ་དང་། ཁོང་གིས་སྔོན་ཆད་UNPO ཞེས་པའི་རྒྱལ་ཚོགས་ཀྱི་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པའི་ཚོགས་གཙོའི་ཐུགས་འགན་ཡང་བཞེས་ཏེ་ལོ་མང་གི་རིང་ལ་བོད་དོན་གྱི་ཆེད་དུ་ཕྱག་ལས་གནང་ཡོད་པ་རེད།


https://vot.org/wp-content/uploads/2020/12/Tsam-09-mixed-.mp3

Download