རྒྱ་གར་ཤར་ཕྱོགས་ ཇཱམ་ཤི་པུར Jamshedpur གྲོང་ཁྱེར་ནང་དགུན་ཚོང་གཉེར་མཁན་བོད་མིའི་ལས་མི་རྒྱ་གར་བའི་ཁྲོད་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཐོན་པར་བོད་པའི་ཁྲོམ་ས་སྒོ་རྒྱག་དགོས་པ་བྱུང་འདུགརྩ་བའི་རྒྱ་གར་ནང་ཡོད་པའི་བོད་མི་ཕལ་ཆེས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དང་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཁག་ཏུ་དགུན་ཚོང་གཉེར་གྱི་ཡོད་པ་ལྟར་འདས་པའི་མི་ལོ་བཞི་བཅུ་ཙམ་ནས་བཟུང་རྒྱ་གར་ཤར་ཕྱོགས་ Jharkhand མངའ་སྡེ་ནང་ཡོད་པའི་ Jamshedpur ཞེས་པའི་གྲོང་ཁྱེར་ནང་དུའང་བོད་མི་མང་པོ་ཞིག་དགུན་ཁའི་དུས་སུ་བལ་གོས་ཀྱི་ཚོང་ལས་གཉེར་གྱི་ཡོད་པ་དང་ད་བར་ཁུལ་དེར་ཚོང་ལས་གཉེར་མཁན་བོད་མི་ཚོ་ལ་དམིགས་བསལ་དཀའ་ངལ་དེ་འདྲ་གང་ཡང་འཕྲད་མེད་ཀྱང་། འདི་ལོ་ཁོང་རྣམས་ Golmuri ས་ཁུལ་དུ་ཏོག་དབྱིབས་གཉན་རིམས་རྐྱེན་པས་ལོ་གཅིག་བར་མཚམས་བཞག་པའི་རྗེས་སུ་སླར་ཡང་དགུན་ཚོང་གཉེར་འགོ་བཙུགས་ནས་ད་ཆ་མཇུག་སྒྲིལ་བར་བདུན་ཕྲག་གཅིག་ཙམ་ཞིག་ལས་མེད་པའི་མཚམས་འདིར། དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཟླ་བ་འདིའི་ཚེས་ ༧ ཉིན་ Jamshedpur གྱི་བོད་མིའི་ཁྲོམ་སར་རྒྱ་གར་གཞུང་གི་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་ཞིབ་འཇུག་ཚོགས་པ་ཞིག་སླེབས་ནས་བོད་མི་སུད་ཚོང་བ་དང་དེའི་ལས་མི། དེ་བཞིན་ཁྲོམ་སར་ཡོད་པའི་མཛད་སྤྱོད་པའི་གནས་ཀྱི་ཡུལ་མི་སོགས་ལ་གཉན་རིམས་ཕོག་ཡོད་མེད་ཀྱི་ Rapid དང་ RTPCR བརྟག་དཔྱདགཉིས་ཀ་གནང་མཐར་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་ལ་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་བར་བརྟེན་བོད་པའི་ཁྲོམ་ས་དེ་ཉིད་སྒོ་རྒྱག་དགོས་པའི་གནས་སྟངས་བྱུང་ཡོད་འདུགའོན་ཀྱང་དེ་རིང་འདི་ག་རླུང་འཕྲིན་ཁང་ནས་ Jamshedpur འམ་ Tatanagar བོད་མིའི་ཁྲོམ་སའི་ཚོགས་གཙོ་ཡེ་ཤེས་ཕུན་ཚོགས་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར། ཁོང་གིས་ཟླ་བ་འདིའི་ཚེས་ ༧ ཉིན་རྒྱ་གར་གཞུང་གི་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་ཚོགས་པས་ཁུལ་དེའི་ནང་གཉན་རིམས་ཕོག་ཡོད་མེད་ཀྱི་བརྟག་དཔྱད་གནང་ཡོད་པ་དེ་བདེན་པ་ཡིན་ཡང་། བརྟག་དཔྱད་དེའི་གྲུབ་དོན་ཁྲོད་བོད་མི་སུད་ཚོང་བའི་ལས་མི་རྒྱ་གར་བ་མི་གྲངས་ ༡༢ ཙམ་ལ་ནད་གཞི་ཕོག་ཡོད་པ་ར་སྤྲོད་བྱུང་བ་མ་གཏོགས་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་ལ་ནད་གཞི་ཕོག་ཡོད་ཚུལ་བརྗོད་པ་དེ་ནི་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། བརྟག་དཔྱད་ཀྱི་གྲུབ་འབྲས་དེའང་ཁ་སང་གཞི་ནས་འབྱོར་ཏེ་ནད་གཞི་ཕོག་མཁན་རྣམས་ཟུར་བཀག་ལ་འཇོག་དགོས་པའི་ལམ་སྟོན་གནང་བ་བཞིན་དེ་ལྟར་གནང་ཡོད་ཀྱང་མཐར་ཁྲོམ་ས་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་གསལ་བཤད་གནང་སོང་།ད་ཆ་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་འདྲ་མིན་ནང་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དཀའ་ངལ་གང་འཚམས་འཕྲད་བཞིན་ཡོད་སྟབས་འདི་གའི་གསར་འགོད་པས་བཙན་བྱོལ་བོད་མིའི་ཚོང་པ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་སུ་ Jamshedpur བོད་མིའི་ཁྲོམ་སའི་གནད་དོན་དང་འབྲེལ་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ད་བར་བོད་མིའི་དགུན་ཚོང་གཉེར་ཡུལ་མངའ་སྡེ་གཞན་ཁག་ནང་དམིགས་བསལ་ངལ་བ་བྱུང་མིན་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས་ད་བར་གནས་ཚུལ་རྒྱུས་ལོན་གནང་བའི་ནང་དུ་ཏོག་དབྱིབས་གཉན་རིམས་རྐྱེན་པས་བོད་མི་དགུན་ཚོང་གཉེར་ཡུལ་མངའ་སྡེ་ Haryana གཙོས་པའི་ས་གནས་རེ་ཟུང་ནང་དུས་ཚོད་ངེས་ཅན་རིང་ཕྱིར་སྐྱོད་མི་ཆོག་པའི་བཀག་སྡོམ་སོགས་ཀྱི་གནས་ཚུལ་བྱུང་པ་མ་གཏོགས་གཞན་ཕལ་ཆེ་བའི་ནང་དམིགས་བསལ་ངལ་བ་གང་ཡང་འཕྲད་མེད་པར་གསུངས་སོང་། རྩ་བའི་ཇཱམ་ཤི་པུར་གྲོང་ཁྱེར་ནང་ཡོད་པའི་བོད་ཀྱི་ཁྲོམ་སའི་ནང་ལ་ཚོང་ཁང་ཁྱོན་ ༩༠ ཙམ་དང་ཚོང་པ་ནང་མི་བཅས་ཁྱོན་བསྡོམས་བོད་མི་  ༣༠༠ ཡས་མས་ཤིག་ཁུལ་དེར་དགུན་ཚོང་གཉེར་བཞིན་པ་ཆགས་ཀྱི་འདུག


The post ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ཇཱམ་ཤི་པུར་གྱི་བོད་མིའི་ཁྲོམ་ས་སྒོ་རྒྱག་དགོས་བྱུང་བ། first appeared on vot.

རྒྱ་གར་ཤར་ཕྱོགས་ ཇཱམ་ཤི་པུར Jamshedpur གྲོང་ཁྱེར་ནང་དགུན་ཚོང་གཉེར་མཁན་བོད་མིའི་ལས་མི་རྒྱ་གར་བའི་ཁྲོད་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཐོན་པར་བོད་པའི་ཁྲོམ་ས་སྒོ་རྒྱག་དགོས་པ་བྱུང་འདུགརྩ་བའི་རྒྱ་གར་ནང་ཡོད་པའི་བོད་མི་ཕལ་ཆེས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་དང་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་གནས་ཁག་ཏུ་དགུན་ཚོང་གཉེར་གྱི་ཡོད་པ་ལྟར་འདས་པའི་མི་ལོ་བཞི་བཅུ་ཙམ་ནས་བཟུང་རྒྱ་གར་ཤར་ཕྱོགས་ Jharkhand མངའ་སྡེ་ནང་ཡོད་པའི་ Jamshedpur ཞེས་པའི་གྲོང་ཁྱེར་ནང་དུའང་བོད་མི་མང་པོ་ཞིག་དགུན་ཁའི་དུས་སུ་བལ་གོས་ཀྱི་ཚོང་ལས་གཉེར་གྱི་ཡོད་པ་དང་ད་བར་ཁུལ་དེར་ཚོང་ལས་གཉེར་མཁན་བོད་མི་ཚོ་ལ་དམིགས་བསལ་དཀའ་ངལ་དེ་འདྲ་གང་ཡང་འཕྲད་མེད་ཀྱང་། འདི་ལོ་ཁོང་རྣམས་ Golmuri ས་ཁུལ་དུ་ཏོག་དབྱིབས་གཉན་རིམས་རྐྱེན་པས་ལོ་གཅིག་བར་མཚམས་བཞག་པའི་རྗེས་སུ་སླར་ཡང་དགུན་ཚོང་གཉེར་འགོ་བཙུགས་ནས་ད་ཆ་མཇུག་སྒྲིལ་བར་བདུན་ཕྲག་གཅིག་ཙམ་ཞིག་ལས་མེད་པའི་མཚམས་འདིར། དེ་རིང་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཟླ་བ་འདིའི་ཚེས་ ༧ ཉིན་ Jamshedpur གྱི་བོད་མིའི་ཁྲོམ་སར་རྒྱ་གར་གཞུང་གི་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་ཞིབ་འཇུག་ཚོགས་པ་ཞིག་སླེབས་ནས་བོད་མི་སུད་ཚོང་བ་དང་དེའི་ལས་མི། དེ་བཞིན་ཁྲོམ་སར་ཡོད་པའི་མཛད་སྤྱོད་པའི་གནས་ཀྱི་ཡུལ་མི་སོགས་ལ་གཉན་རིམས་ཕོག་ཡོད་མེད་ཀྱི་ Rapid དང་ RTPCR བརྟག་དཔྱདགཉིས་ཀ་གནང་མཐར་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་ལ་གཉན་རིམས་ཕོག་པ་ཤེས་རྟོགས་བྱུང་བར་བརྟེན་བོད་པའི་ཁྲོམ་ས་དེ་ཉིད་སྒོ་རྒྱག་དགོས་པའི་གནས་སྟངས་བྱུང་ཡོད་འདུགའོན་ཀྱང་དེ་རིང་འདི་ག་རླུང་འཕྲིན་ཁང་ནས་ Jamshedpur འམ་ Tatanagar བོད་མིའི་ཁྲོམ་སའི་ཚོགས་གཙོ་ཡེ་ཤེས་ཕུན་ཚོགས་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར། ཁོང་གིས་ཟླ་བ་འདིའི་ཚེས་ ༧ ཉིན་རྒྱ་གར་གཞུང་གི་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་ཚོགས་པས་ཁུལ་དེའི་ནང་གཉན་རིམས་ཕོག་ཡོད་མེད་ཀྱི་བརྟག་དཔྱད་གནང་ཡོད་པ་དེ་བདེན་པ་ཡིན་ཡང་། བརྟག་དཔྱད་དེའི་གྲུབ་དོན་ཁྲོད་བོད་མི་སུད་ཚོང་བའི་ལས་མི་རྒྱ་གར་བ་མི་གྲངས་ ༡༢ ཙམ་ལ་ནད་གཞི་ཕོག་ཡོད་པ་ར་སྤྲོད་བྱུང་བ་མ་གཏོགས་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་ལ་ནད་གཞི་ཕོག་ཡོད་ཚུལ་བརྗོད་པ་དེ་ནི་ངོས་ལེན་རྩ་བ་ནས་མེད་པ་མ་ཟད། བརྟག་དཔྱད་ཀྱི་གྲུབ་འབྲས་དེའང་ཁ་སང་གཞི་ནས་འབྱོར་ཏེ་ནད་གཞི་ཕོག་མཁན་རྣམས་ཟུར་བཀག་ལ་འཇོག་དགོས་པའི་ལམ་སྟོན་གནང་བ་བཞིན་དེ་ལྟར་གནང་ཡོད་ཀྱང་མཐར་ཁྲོམ་ས་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་གསལ་བཤད་གནང་སོང་།ད་ཆ་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་འདྲ་མིན་ནང་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་དཀའ་ངལ་གང་འཚམས་འཕྲད་བཞིན་ཡོད་སྟབས་འདི་གའི་གསར་འགོད་པས་བཙན་བྱོལ་བོད་མིའི་ཚོང་པ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་སུ་ Jamshedpur བོད་མིའི་ཁྲོམ་སའི་གནད་དོན་དང་འབྲེལ་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ད་བར་བོད་མིའི་དགུན་ཚོང་གཉེར་ཡུལ་མངའ་སྡེ་གཞན་ཁག་ནང་དམིགས་བསལ་ངལ་བ་བྱུང་མིན་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས་ད་བར་གནས་ཚུལ་རྒྱུས་ལོན་གནང་བའི་ནང་དུ་ཏོག་དབྱིབས་གཉན་རིམས་རྐྱེན་པས་བོད་མི་དགུན་ཚོང་གཉེར་ཡུལ་མངའ་སྡེ་ Haryana གཙོས་པའི་ས་གནས་རེ་ཟུང་ནང་དུས་ཚོད་ངེས་ཅན་རིང་ཕྱིར་སྐྱོད་མི་ཆོག་པའི་བཀག་སྡོམ་སོགས་ཀྱི་གནས་ཚུལ་བྱུང་པ་མ་གཏོགས་གཞན་ཕལ་ཆེ་བའི་ནང་དམིགས་བསལ་ངལ་བ་གང་ཡང་འཕྲད་མེད་པར་གསུངས་སོང་།


རྩ་བའི་ཇཱམ་ཤི་པུར་གྲོང་ཁྱེར་ནང་ཡོད་པའི་བོད་ཀྱི་ཁྲོམ་སའི་ནང་ལ་ཚོང་ཁང་ཁྱོན་ ༩༠ ཙམ་དང་ཚོང་པ་ནང་མི་བཅས་ཁྱོན་བསྡོམས་བོད་མི་  ༣༠༠ ཡས་མས་ཤིག་ཁུལ་དེར་དགུན་ཚོང་གཉེར་བཞིན་པ་ཆགས་ཀྱི་འདུག


https://vot.org/wp-content/uploads/2022/01/TDDDDD.mp3

Download


The post ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ཇཱམ་ཤི་པུར་གྱི་བོད་མིའི་ཁྲོམ་ས་སྒོ་རྒྱག་དགོས་བྱུང་བ། first appeared on vot.