བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༤།༠༣།༡༤ TV Daily News March 14, 2024
◆ ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་རྒྱ་ནག་གཞུང་གིས་བོད་ཁམས་སྡེ་དགེ་ཁུལ་དུ་ཆུ་མཛོད་གསར་རྒྱག་གི་ལས་གཞིར་ཞི་རྒོལ་གནང་མཁན་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་བསྒྲགས་གཏམ་སྤེལ་བ།
◆ བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་འདས་གྲོངས་སུ་འགྱུར་བར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་བ།
◆ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཉིན་མོ་སྲུང་བརྩི་དང་འབྲེལ་ད་ལྟའི་བོད་ཁམས་སྡེ་དགེ་ཁུལ་གྱི་ཛ་དྲག་གནས་སྟངས་གསལ་འདོན་ཞུ་བའི་བགྲོ་གླེང་ལས་རིམ་ཞིག་སྐོང་ཚོགས་གནང་བ།