བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༦།༡ Tibet TV Daily News June , 01 2023
◆བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་༧རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༨ པའི་དབུ་འབྱེད་མཛད་སྒོར་ཕེབས་བཞུགས་གནང་བ།
◆དཔལ་ལྡན་ཚོགས་གཙོ་མཆོག་སྦིར་དཔལ་ཡུལ་ཆོས་འཁོར་གླིང་དུ་ཚེས་བཅུའི་སྒྲུབ་མཆོད་ཆེན་མོའི་གར་འཆམ་མཛད་སྒོར་ཆེད་ཕེབས་གནང་བ།
◆ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་དུ་གཞུང་ལམ་གསར་བཟོའི་ལས་གཞི་ལེགས་གྲུབ་ཟིན་པར་དབུ་འབྱེད་གནང་བ།
◆མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱད་མཁས་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ་བོད་ནང་གི་བུད་མེད་ཚོར་དབྱེ་འབྱེད་བྱེད་པའི་སྲིད་བྱུས་མཚམས་འཇོག་དགོས་པ་ནན་སྐུལ་གནང་བ།
◆སྦར་ཛིལ་སྐུ་ཚབ་དོན་ཁང་དུ་ཡུ་གུར་དང་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཁག་གཅིག་ཕེབས་པ།