བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༤།༠༡།༡༥ Tibet TV Daily News January 15 , 2024
◆སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ནས་སྐུ་ཞབས་ Lai Ching-Te མཆོག་ཐའེ་ཝན་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་མཛད་པ།
◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འབྲུག་ཡུལ་གྱི་བདམས་ཐོན་སྲིད་བློན་ཚེ་རིང་སྟོབས་རྒྱས་མཆོག་ལ་འཚམས་འདྲི་མཛད་པ།
◆བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ནང་བོད་དོན་ཞུ་སྐུལ་གནང་གཏན་འཁེལ་བ།
◆ཡུ་ཊ་བོད་རིགས་སྤྱི་མཐུན་ཚོགས་པ་ནས་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ།
◆ཨོག་ལེན་ཌི་བོད་རིགས་མཐུན་ཚོགས་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་ཕེབས་བསུའི་སྣེ་ལེན་ཞུས་པ།
◆ཨོ་གླིང་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ལྷ་དབང་རྒྱལ་པོ་ལགས་སིཌ་ནིར་ལྷག་དཀར་སྒོར་གཞས་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་ཞུགས་གནང་བ།