བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༤།༢༧ Tibet TV Daily News April ,27 2023
◆དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨིན་ཡུལ་ཝེ་སི་མིན་ས་ཊར་གཙུག་ལག་སློབ་གཉེར་ཁང་དུ་བོད་དོན་གསུང་བཤད་གནང་བ།
◆སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་དབུ་བརྙེས་ཏེ་ལོ་ངོ་ ༦༠ འཁོར་བ་དང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་དཔལ་ལྡན་ཚོགས་གཙོ་མཆོག་དང་ཆོས་རིག་དྲུང་ཆེ་ཕེབས་ཞུགས་གནང་བ།
◆བྷོ་སུ་ཌོན་དང་མལ་སི་ཆུ་སི་བོད་རིགས་སྤྱི་མཐུན་ཚོགས་པས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བ།
◆ཡུ་རོབ་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལྷན་འཛོམས་ཀྱིས་ཚོགས་འདུ་སྐོང་ཚོགས་གནང་བ།
◆སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་པ་རྣམས་ལ་རྩིས་ཞིབ་ལམ་སྟོན་མ་དེབ་དང་སྒྲིག་གཞི་ཁག་གི་ཟབ་སྦྱོང་གོ་སྒྲིག་གནང་བ།
◆བོན་གཞི་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ཚོགས་གཙོ་སྦྲེལ་པོ་དང་། ཀུམ་རའོ་ས་གནས་འཐུས་ཚོགས་སྐབས་ ༨ པའི་ཚོགས་གཙོ་ཆབ་གསར་བཅས་ཀྱི་ལས་འཁུར་དམ་འབུལ་ཞུས་པ།