བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༣།༤།༢༥ Tibet TV Daily News April ,25 2023
◆༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་འཁྲུངས་སྐར་ཉིན་ཕྱི་དྲིལ་ལས་ཁུངས་ནས་བསྒྲགས་གཏམ་སྤེལ་བ།
◆ཡུ་རོབ་གྲོས་ཚོགས་འཐུས་མི་གྲངས་ ༡༡ ནས་ཡུ་རོབ་མཐུན་ཚོགས་ལ་ཞུ་ཡིག་ཕུལ་ཏེ་༧རྒྱལ་བའི་ཡང་སྲིད་གནད་དོན་དང་འབྲེལ་བའི་གཞུང་འབྲེལ་ལངས་ཕྱོགས་གཏན་འབེབས་གནང་རྒྱུའི་དགོངས་བཞེས་ཡོད་མེད་འདྲི་རྩད་གནང་བ།
◆ཕྱི་དྲིལ་ལས་བྱེད་རྣམ་རྒྱལ་ཕུན་ཚོགས་ལགས་འདས་གྲོངས་སུ་གྱུར་བར་གཞུང་འབྲེལ་མྱ་ངན་གུས་བཏུད་ཞུས་པ།
◆རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཙོས་པའི་ལས་བྱེད་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་གནང་བ།
◆ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྒྱ་གར་ལྷོ་ཕྱོགས་བོད་མིའི་སློབ་གྲྭ་ཁག་གི་གནས་སྟངས་རྟོག་ཞིབ་དང་གཟིགས་སྐོར་ལེགས་པར་མཇུག་སྒྲིལ་བ།
◆རྡོ་རྗེ་གླིང་ས་གནས་འགོ་འཛིན་གསར་རྙིང་དབར་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་བྱུང་བ།