༧གོང་ས་༧སྐྱབས་མགོན་ཆེན་མཆོག་གི་བཀའ་རྩོམ་མཛད་རྣམ། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། (ལེའུ་གཉིས་པའི་སྟོད་ཆ་)
གསུང་རྩོམ་འདིར། ༧གོང་ས་༧སྐྱབས་མགོན་ཆེན་མཆོག་ནས། འཛམ་གླིང་རྒྱ་ཆེའི་མི་མང་ནས་བོད་ཀྱི་བདེན་པའི་གནས་ཚུལ་གསལ་རྟོགས་གང་ཆེ་ཡོང་ཐབས་སུ་སྐུ་ཉིད་ཀྱི་ལོ་རྒྱུས་དང་ཆབས་ཅིག་བོད་ཀྱི་བདེན་པའི་གནས་ལུགས་ཉུང་བསྡུས་སུ་གོ་བདེ་ཞིང་ཕྱི་རྒྱལ་སྐད་ཡིག་ཏུ་བསྒྱུར་བདེ་བ་གཙོ་བོར་མཛད་ནས་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལེའུ་བཅུ་གསུམ་དང་། ཁ་སྣོན་དང་པོ་ནང་པའི་ཆོས་ཀྱི་གནས་ཚུལ་དང་། ཁ་སྣོན་གཉིས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་དང་གྲོས་ཆོད། རྣམ་ཐར་སྙིང་བསྡུས་བཅས་བཞུགས།

ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་། མཛད་པ་པོ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག བརྗོད་བྱ། ཕྱི་ལོ་ ༡༩༦༢ གོང་གི་རང་རྣམ་དང་བོད་འབྲེལ་གནས་ཚུལ།